དགུང་ལོ་ཉེར་ལྔའི་འཁྲུངས་སྐར།
ཕྱག་ཚོད་༩ པའི་ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་བཀའ་བརྒྱུད་པའི་དགོན་པ་ཁག་གི་འཐུས་མི་དང༌། ཧོང་ཀོང་དང། སིངྒ་པོར། ཐེ་ཝན། མཱ་ལི་ཤི་ཡ་བཅས་ནས་ཕེབས་པའི་རྒྱལ་ཁབ་ཁག་༤ ཡི་དད་ལྡན་པ་༣༠༠ ལྷག་ཙམ་ཕེབས་ཡོད་པ་དང། དེ་བཞིན་བོད་གཞུང་གི་ཁྲིམས་ཞིབ་པ་དང། བཀའ་བརྒྱུད་པའི་སྤྱི་འཐུས། ས་གནས་འགོ་འཛིན། དྲུང་ཆེ་སོགས་སྐུ་མགྲོན་རྣམ་པ་དང། སེར་སྐྱ་མི་མང་འདུ་འཛོམས་བྱུང་ཡོད་པ་རེད།།