ཁ་བྲལ་ཕྱོགས་གཏོགས་ཞེས་པའི་སྐྱོན་འཛུགས།
མཁན་པོ་བསྟན་འཛིན་ཐབས་མཁས་གཉིས་ཀྱིས་གཉེར་བའི་སློབ་གྲྭ་ཁག་ཅིག་ཡོད་པའི་ནང། འབྲི་རུ་རྫོང་པད་དཀར་ཤང་དཀར་དགོན་པའི་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་ཞིག་དང། མཁན་པོ་བསྟན་འཛིན་ཐབས་མཁས་ཀྱིས་བཙུགས་པའི་ནག་ཆུ་ལས་རིགས་ལག་རྩལ་སློབ་གྲྭ་ཟེར་བ་གཉིས་༢༠༠༩ ལོའི་ཟླ་༢ ནང་དུས་གཅིག་ཏུ་སྒོ་རྒྱག་བཅུག་པ་མ་ཟད། སོག་རྫོང་དུ་ཡོད་པའི་སློབ་གྲྭ་ཞིག་ཀྱང་སྒོ་རྒྱག་ཏུ་བཅུག་པའི་གནས་ཚུལ་བྱུང་འདུག སྤྱིར་རྒྱ་གཞུང་གིས་དུས་རྒྱུན་དུ་སྒེར་བཙུགས་སློབ་གྲྭ་དེ་དག་གི་སློབ་མ་རྣམས་ལོ་ཆེན་པོ་ཡིན་ཚུལ་གྱིས་མཐོང་ཆུང་དང། བོད་ཀྱི་རིག་གནས་གོང་འཕེལ་གཏོང་བ་དེ་ངོ་ལོག་པ་ཞིག་དང། ཁ་བྲལ་རུ་ཚོགས་ཀྱི་ཕྱོགས་སུ་འགྲོ་ཡི་ཡོད་པའི་ཉེས་འཛུགས་བྱས་འདུག རྒྱ་གཞུང་གིས་སྒོ་བརྒྱབ་པའི་སློབ་གྲྭ་དེ་དག་ནང་དུ་སློབ་མ་གྲངས་ལྔ་བརྒྱ་ལས་བརྒལ་བ་ཡོད་པ་ཞིག་རེད་འདུག །
