བྷེལ་ཀོབ་ཏུ་དགུ་པའི་ཉེར་བདུན་དུས་དྲན།

ཟླ་འདིའི་ཚེས་༢༧ ཉིན་ལུགས་བསམ་གཞིས་གྲོང་དང་པོར། ས་གནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྣེ་ཁྲིད་འོག དགུ་བའི་ཉེར་བདུན་དུས་དྲན་ཆེད་མར་མེའི་ཁྲོམ་སྐོར་ཞིག་བྱས་པ་དང། བྷེལ་ཀོབ་མི་མང་༡༥༠ ལྷག་ཙམ་འདུ་འཛོམས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མྱ་ངན་གུས་འདུད་ཞུས་ཡོད་པ་རཻད། ཕྱི་ཟླ་༩ ཚེས་༢༧ ཉིན་བོད་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་བརྒྱུད་རིམ་དང། བོད་ནང་གི་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་དང་མནར་གཅོད། ཚེ་སྲོག་བཅས་ཀྱི་བོད་མི་རིགས་དང་རྒྱལ་ཁབ་ཆེད་ནམ་ཡང་ཡལ་བ་མེད་པའི་དྲན་ཐོ་བཞག་ཡོད། ང་ཚོས་བདེ་སྡོད་སྐྱིད་ཉལ་བྱས་ནས་རང་དབང་ལུང་པར་རྩ་དོན་ལྷོད་གཡེངས་སུ་གཏོང་བ་ནི་གཏན་ནས་མི་འོས་པའི་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།། མེ་སོར་གསར་འགོད་པས།