གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་ལ་བཞུགས་མོལ་ཚོགས་འདུ།

1tcv 24ད་ལྟ་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་དགོས་མིན་སྐོར་ལ་གཙོ་བོ་གླེང་སློང་གནང་ཡོད་པ་དང། བོད་ཁྱིམ་གྱི་ངོས་ནས་ཤེས་ཡོན་སྲིད་བྱུས་དེར་སྤྱིར་བཏང་རྒྱབ་སྐྱོར་ཡོད་ནའང། ད་ལྟའི་ཆར་ལག་ལེན་འདེབས་རྒྱུར་དཀའ་ངལ་ཡོད་སྐོར་དང། སློབ་མ་ཚོ་མ་འོངས་པར་འདབ་གཤོག་གཉིས་ལྡན་ཞིག་བཟོ་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད། དེ་བཞིན་ཤེས་རིགས་ལས་ཁུངས་ཀྱི་ངོས་ནས་ལས་འཆར་བསྒྲིགས་པ་ཙམ་གྱིས་སློབ་གྲྭའི་ནང་མཐུན་རྐྱེན་སོགས་མ་འཛོམས་པས། ལག་བསྟར་བྱེད་མཁན་ཚོར་དཀའ་ངལ་ཡོད་སྐོར་གསུངས་ཡོད་པ་རེད། 3tcv 24ཤེས་རིགས་ལས་ཁུངས་ཀྱི་ངོས་ནས་ཀྱང་སློབ་མ་ཚོ་འདབ་གཉིས་ལྡན་བཟོ་རྒྱུ་དེ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་པ་གཙོ་བོ་རེད། དེའི་ནང་དུ་བོད་ཀྱི་སྐད་ཡིག་དང། སྐད་ཡིག་གཉིས་པ་ཞིག་བྱང་ཆུབ་པ་དང། སྐད་ཡིག་གསུམ་པ་ཞིག་རང་སྐྱ་འཕེལ་བ་ཞིག་ཡོང་ཐབས་ཀྱི་སྲིད་བྱུས་རེད། དེ་སྔོན་འདབ་གཤོག་གཉིས་ལྡན་ཚད་ལྡན་ཞིག་བྱུང་མེད་པས། དེ་ཚོ་ཡར་རྒྱུས་གཏོང་ཆེད་དུ་རེད། ྋགོང་ས་མཆོག་གི་བཀའ་དགོངས་བཞིན། སློབ་ཚན་ཨང་རྩིས་དང་ཚན་རིགས་སོགས་བོད་ཡིག་ནང་དུ་སློབ་ཐུབ་ན། བོད་པའི་སྐད་ཡིག་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཀ་ཚད་ལྡན་ཤེས་ཐུབ་སྐོར་དང།2tcv 24 སྔོན་གྱི་མཁས་པ་ཚོས་ནང་ཆོས་སོགས་རིག་གནས་ཁག་རྒྱ་གར་གྱི་སྐད་ཡིག་ནང་བསླབས་ཡོད་ན། ད་ལྟ་བོད་པའི་རིག་གཞུང་ཕྱུག་པོ་ཡོད་ཟེར་བ་འདི་ཡང་ཡོད་ཀྱི་མ་རེད། དེའི་སྐབས་ཚང་མ་བོད་སྐད་བོད་ཡིག་ཐོག་བསྒྱུར་ནས་བསླབས་པ་ཞིག་ཡིན་པས། མ་འོངས་པར་ཡང་དེ་ལྟར་བོད་པའི་རིག་གཞུང་ཕྱུག་པོ་ཡོད་པ་ཞིག་བཟོ་དགོས་སྐོར་དང། པཎ་ཆེན་སྐུ་གོང་མའི་སྐབས། བོད་ནང་སློབ་གྲྭ་མང་པོའི་སློབ་ཚན་བོད་ཡིག་ཐོག་སློབ་རྒྱུ་ལག་བསྟར་བྱས་ཡོད་ནའང། པཎ་ཆེན་རིན་པོ་ཆེ་སྐུ་ཚེ་མ་ཟིན་པའི་རྗེས་སུ་སློབ་ཚན་ཚང་མ་བསྐྱར་དུ་རྒྱ་ཡིག་ཐོག་སྒྱུར་གྱི་ཡོད་པས། བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་གཞིར་བཞག་གི་ཐོག་ནས་ཤེས་ཡོན་སྦྱོང་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་ཡོད་པ་རེད། དེ་བཞིན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དེ་སྔོན་གྱི་ཤེས་ཡོན་སྲིད་བྱུས་དེས་ཁུངས་འཁྱོལ་གྱི་མི་འདུག ད་ལྟའི་མཐོ་སློབ་ཐོན་མཁན་ཚོས་བོད་ཡིག་ཁུངས་འཁྱོལ་བ་ཞིག་ཤེས་ཀྱི་མི་འདུག་ལ། དབྱིན་ཡིག་ཡང་ཁུངས་འཁྱོལ་བ་ཞིག་ཤེས་ཀྱི་མི་འདུག བོད་པའི་རིག་གཞུང་གི་བྲོ་བ་རྙེད་པ་ཞིག་དང། དེང་རབས་ཀྱི་ཤེས་ཡོན་ཡང་ཡོད་པ་ཞིག་སློབ་ཐབས་ལ་འབད་བརྩོན་ངེས་པར་དུ་དགོས་སྐོར་སོགས་གསུངས་ཡོད་པ་རེད། བཞུགས་མོལ་ཚོགས་འདུ་དེ་བོད་ཁྱིམ་གྱི་དགེ་རྒན་ཚོས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང། དེའི་ཐོག་བཙན་བྱོལ་བོད་གཞུང་གི་བློན་ཁྲི་པ་དང། དྲུང་ཆེ་ཁག་ཅིག དྷ་སྟེང་བོད་ཁྱིམ་གྱི་དགེ་རྒན་སློབ་མ་སོགས་མཉམ་ཞུགས་གནང་ཡོད་པ་རེད།།