བཞུགས་སྒར་དུ་བསྔོ་སྨོན་མཆོད་འབུལ།

ཟླ་འདིའི་ཚེས་༣༡ ཉིན་ཞོགས་པ་ཆུ་ཚོད་༧ པ་ཙམ་ལ་༸རྒྱལ་བ་ཀརྨ་པ་དབུ་བཞུགས་ཐོག་དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་དང། ས་གནས་བོད་རིགས་སེར་སྐྱ་བརྒྱ་ཕྲག་མང་པོས་ཉེ་ཆར་རྒྱ་གཞུང་གིས་སྲོག་ཐོག་བཏང་བའི་བོད་མི་རང་ལོ་༢༧ ཅན་བློ་བཟང་རྒྱལ་མཚན་དང། རང་ལོ་༢༥ ཡིན་པ་ལོ་ཡག རང་ལོ་༢༡ ཡིན་པ་སྤེན་སྐྱིད། གཞན་ཡང་མིང་དང་ས་གནས་ཁ་གསལ་མི་ཤེས་པའི་བོད་མི་གཅིག་བཅས་ཀྱི་ཆེད་དུ་གསོལ་འདེབས་བསྔོ་སྨོན་གནང་སོང་ལ། ཚོགས་པ་ཁག་བཅུ་ཡི་འབྲེལ་ཡོད་མི་སྣས་བསྔོ་སྨོན་མཆོད་འབུལ་གྱི་ཆོ་ག་ཉིན་གསུམ་རིང་བྱེད་རྒྱུ་ཡིན་ཟེར། ཉིན་མཐའ་མ་སྟེ་ཕྱི་ཟླ་༡༡ ཚེས་༢ ཉིན་རྒྱུད་སྟོད་ར་མོ་ཆེ་དགོན་པར་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་གའི་སྒོ་ནས་བསྔོ་སྨོན་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང།།