འབྲས་སྤུངས་སུ་གསུང་ཆོས།
གསུང་ཆོས་ཐོག་༧སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་དང། ༧ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་སོགས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང། དེ་བཞིན་བློ་གླིང་གྲྭ་ཚང་དང། ཤར་རྩེ་གྲྭ་ཚང་རྭ་སྟོད་གྲྭ་ཚང། བཙུན་དགོན་བྱང་ཆུབ་ཆོས་གླིང་སོགས་ཀྱི་སློབ་གཉེར་བ་བཞི་སྟོང་ལྷག་ཕེབས་ཡོད་པ་རེད། ཉིན་མཐའ་མའི་སྐབས་སྐྱ་སེར་ཕོ་མོ་ཡོངས་ལ་སྒྲོལ་མའི་རྗེས་གནང་ཞིག་ཀྱང་བཀའ་དྲིན་བསྩལ་ཡོད་པ་མ་ཟད། ཉིན་དེར་སྐྱབས་རྗེ་མཆོག་ལ་བཀའ་དྲིན་གཏང་རག་གི་ཚུལ་དུ་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་ཀྱིས་མཐའ་བརྒྱན་ནས་སྐབས་འདིའི་གསུང་ཆོས་ལེགས་གྲུབ་བྱུང་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།