ན་གཞོན་གཉིས་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ།
དེང་སྐབས་སོག་རྫོང་དུ་དེང་རབས་ཀྱི་སློབ་སྦྱོང་ཐོབ་པའི་ན་གཞོན་མང་པོ་ཞིག་ལ་རྒྱ་གཞུང་གི་གནོན་ཤུགས་སྤྲོད་བཞིན་པ་མ་ཟད། དབྱིན་ཡིག་ཤེས་མཁན་རྣམས་ལ་དོ་དམ་ནན་པོ་བྱེད་ཀྱི་ཡོད་འདུག ན་ནིང་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་བྱས་པའི་སོག་རྫོང་ཅུང་པ་ཉི་མ་གླིང་དགོན་པའི་གྲྭ་བསྟན་འཛིན་ཤེས་རབ་ལོ་༡༥ ངག་དབང་བློ་གྲོས་ལོ་༡༧ ཚུལ་ཁྲིམས་བསྟན་དར་ལོ་༢༡ དང་། སོག་རྫོང་གཡང་ངེ་ཤང་གཡོ་ནག་གྲོང་ཚོ་ནས་ཡིན་པ་ལོ་༥༢ ཅན་ཆམ་བུ་དགུ་གྲུབ། སོག་རྫོང་ཐོག་ཏུ་སྦྱར་ཡིག་བཀྲམ་པའི་ཉེས་མིང་ཕོག་པ་སོག་ཙན་དན་དགོན་པའི་གྲྭ་མཆོག་ལྡན་ཚུལ་ཁྲིམས་རང་ལོ་༡༩ ཅན། སོག་རྫོང་གི་ཁྲོམ་རའི་བཞི་མདོ་རུ་ལངས་ཏེ་བོད་རང་བཙན་ཡིན་ཞེས་སྐད་འབོད་བྱེད་མཁན་བསོད་ནམས་རྒྱལ་པོ་ལོ་༡༥ ཡིན་པ་བཅས་ལ་ད་དུང་ཁྲིམས་ཐག་བཅད་མེད་པ་དང་། ཁོང་རྣམས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཤེས་རྟོགས་མེད་པ་མ་ཟད། གསོན་པོར་གནས་ཡོད་མེད་ཀྱང་ཐེ་ཚོམ་རེད་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།།
