རྫོགས་ཆེན་པའི་མཁན་སྤྲུལ་རྒྱས་འཛོམས།
ཚེས་༡༢ སྟེ་རེས་གཟའ་ཕུར་བུའི་ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་རྡོར་གདན་རྣམ་རྒྱལ་གྲྭ་ཚང༌། ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཏེར་ཆེན་ཉི་གྲགས་སྤུལ་སྐུ་དང་ཆུ་བོ་རིག་འཛིན་ཆེན་མོ། མཆོག་སྤྲུལ་བསྟན་འཕེན་རིན་པོ་ཆེ་རྣམས་གསུམ་དབུ་བཞུགས་ཐོག་བོད་གཞིས་བྱེས་གཉིས་ནས་ཕེབས་པའི་རྒྱལ་བ་རྫོགས་ཆེན་པའི་མཁན་སྤྲུལ་ཉེར་གཅིག་ཞལ་འཛོམས་ཀྱིས། ཆུ་བོ་རིག་འཛིན་ཆེན་མོ་དང༌། མཆོག་སྤྲུལ་བསྟན་འཕེལ་རིན་པོ་ཆེན་རྣམས་གཉིས་ཀྱིས་དཔལ་རྒྱལ་བ་རྫོགས་ཆེན་པའི་སྔོན་བྱུང་ལོ་རྒྱུས་དང་འབྲེལ་བསྟན་པའི་འཕེལ་རིམ་དང་ཆག་འཇིག་གི་སྐོར་དང༌། རྫོགས་ཆེན་ཡིད་བཞིན་ནོར་བུ་སོགས་རྫོགས་ཆེན་པའི་བསྟན་འཛིན་མཁས་གྲུབ་སྐྱེས་ཆེན་རྣམས་པའི་མཛད་རྗེས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཞིང༌། གཏེར་ཆེན་ཉི་གྲགས་སྤྲུལ་སྐུ་སོགས་ཀྱིས་རྒྱལ་བ་རྫོགས་ཆེན་པའི་བཤད་སྒྲུབ་ཀྱི་བསྟན་པ་འདི་བཞིན་དུས་རབས་དང་མཐུན་པའི་སྒོ་ནས་མ་འོངས་པར་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གསུང་བཤད་བགྲོ་གླེང་ཟབ་རྒྱས་གནང་སོང་ལ། ལོ་རྗེས་མ་བོད་གཞིས་བྱེས་གཉིས་ཀྱི་རྫོགས་ཆེན་པའི་ཆོས་བརྒྱུད་པ་གནད་ཡོད་མཁན་སྤྲུལ་རྒྱས་འཛོམས་ཀྱིས། དུས་རབས་དང་མཐུན་པའི་སྔར་ལས་ལྷག་པའི་རྒྱལ་བ་རྫོགས་ཆེན་པའི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཇི་དགོས་སྐོར་ལ་བཀའ་བསྡུར་བགྲོ་གླེང་བྱ་རྒྱུར་གྲོས་ཆོད་ཀྱང་བྱུང་ཡོད་པ་རེད། འཕགས་ཡུལ་རྡོ་རྗེ་གདན་ནས་མཁན་འཇམ་དཔལ་བསྟན་འཛིན་གྱིས་མཁོ་སྤྲོད་གནང༌། མེ་སོར་གསར་འགོད་པས།
