མོན་གྷོ་རུ་མདུན་ལམ་སློབ་སྟོན་པའི་གསུང་བཤད།

མཐོ་སློབ་ལ་འགྲོ་སྐབས་ཐོག་མར་སོ་སོ་རང་ཉིད་ཀྱི་དམིགས་ཡུལ་མ་བརླགས་པའི་ཐོག་ནས་ཕ་མའི་གནས་སྟངས་ལ་བསམ་བློ་ཏན་ཏན་གཏོང་དགོས་པ་ཞིག་རེད། གལ་སྲིད་ཕ་མའི་གནས་སྟངས་སྐྱོ་བོ་ཡིན་ན་དེ་ལ་དཔག་པའི་མཐོ་སློབ་ཡག་པོ་དེ་འདྲ་འགྲོ་ས་ཡོད་པ་རེད། ལྷག་པར་འགྲོ་སའི་སློབ་གྲྭ་ཐོག་མར་བཙལ་དུས་མལ་ཁང་དང་ཚོགས་ཁང་དེ་བཞིན་གྲོང་ཁྱེར་རྫིག་པོ་ཡོད་མེད་ལ་ལྟ་རྒྱུ་དང་། སོ་སོའི་སྐྲ་དང་གདོང་ལ་ཚོན་རྩི་འདྲ་མིན་བྱུག་པ་དང་གོན་པ་འདྲ་མིན་གྱོན་རྒྱུ་སོགས་གལ་ཆེན་པོ་མ་རེད། རབ་ན་སོ་སོའི་མི་རིགས་དང་རྒྱལ་ཁབ་ཕ་མ་བཅས་ཀྱི་རེ་བ་སྐོང་ཐུབ་མཁན་ཞིག་ཆགས་རྒྱུ་ལ་འབད་བརྩོན་བྱེད་རྒྱུ་དང་།  ཐ་ན་ཡང་རང་ཉིད་ཀྱི་མི་ཚེར་དཀའ་ངལ་མེད་པ་ཞིག་ངེས་པར་དུ་བཟོ་ཐུབ་ཀྱི་དམིགས་ཡུལ་ངེས་པར་བཅངས་དགོས་པ་རེད་ཅེས་གསུངས་སོང་།། མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།