ང་ཡི་མཛེས་མ་དབྱངས་ཅན་མེ་ཏོག་ཕམ་སོང་།
འོན་ཀྱང་ཁྱེད་ཀྱིས་འདི་ལྟར་ཕམ་ཁའི་ཁུར་བུ་འཁུར་ནས་མགོ་བོ་སྨད་དགོས་པ་མེད། གསེར་ས་འོག་ན་གནན་ཀྱང་འོད་ནམ་མཁའ་ན་འཕྲོས་པ་བཞིན་ཕམ་ཁའི་འོག་གི་བཅོས་མིན་གྱི་མཛེས་སྡུག་དེ་ལྟད་མོ་ཚང་མའི་སེམས་ཀྱི་ཁྲི་འཕང་སྟེང་ན་བཞག་ཡོད། དེ་ནི་ཁྲོམ་བསྒྲགས་མི་དགོས་ཁྲོམ་གྲགས་གཅིག་ཅི་ལ་མིན།དེ་ནི་མཛེས་མའི་མིང་བཙན་གྱིས་འདོགས་མི་དགོས་པའི་མཛེས་མ་ཅི་ལ་མིན། གནས་ལུགས་ཇི་ལྟར་འགྲེལ་ཡང་ཁྱེད་ནི་ནམ་ཡང་ང་ཚོའི་མིག་ནང་གི་མཛེས་མ་གཅིག་པུ་དེ་ཡིན།
ནམ་ཡང་གནམ་འོག་གི་དོན་དམ་པའི་miss Tibet ཡིན