མཛེས་མའི་མཚན་ཚོགས་ཁྲོད་ཀྱི་གྲྭ་གཟུགས།

དུས་ཡུན་ཆུ་ཚོད་དེའི་རིང་ལ།།

འཕུང་ཤ་རྡོ་འཁྱག་ཏུ་བཙུགས་པར།།

སྙིང་གི་རུས་པ་དེ་མེད་པས།།

གཟན་འགག་སེར་ཆས་སོགས་ཕུད་ནས།།

རྐུབ་གདན་བེད་སྤྱོད་དུ་བྱས་ཏེ།།

གཅིག་ཐོབ་གཉིས་ཤོར་གྱི་སྐད་སྒྲ།།

ཟློས་གར་ཐང་ཆེན་དུ་ཁྱབ་པས།།

ཆགས་ལྡན་གྲྭ་གཟུགས་འགའི་བྱ་ངན།།

ནང་བསྟན་ཆོས་ལུགས་དང་འགལ་འདུག།

བཤད་སྒྲུབ་དམ་ཆོས་ཀྱི་བསྟི་གནས།།

གདན་ས་ཆོས་སྒར་ན་བཞུགས་པའི།།

ལུང་རྟོགས་རྒྱལ་བསྟན་ལ་བརྩོན་ཞིང་།།

འགྲོ་ཀུན་ཕན་བདེ་ཡི་འབྱུང་གནས།།

རྣམ་དག་དགེ་འདུན་གྱི་ཚོགས་ལ།།

མཚན་སྨད་སྐྱོན་འདོག་ཅིག་ཡོང་བ།།

ཁ་ཕྱོགས་ངེས་མེད་དུ་ཉུལ་བའི།།

ཁ་འཐོར་གྲྭ་གཟུགས་འགས་བཟོས་འདུག།

སེར་ཤུལ་དཀོན་མཆོག་གིས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༩ ལ།།