མི་མང་ལ་རང་སྐྱོང་གི་ཁེ་དབང་སྔར་ལྷག་སྤྲོད་དགོས།

དབྱིན་ཇི་གཞུང་གི་ངོས་ནས་བོད་ནང་ཕུགས་རྒྱང་རིང་པོའི་བདེ་འཇགས་ཀྱི་གནས་བབས་ཤིག་ཡོང་བ་ལ་གཟིགས་འདོད་ཡོད། དེ་ཡོང་ཐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་དང། མང་ཚོགས་ལ་རང་སྐྱོང་གི་ཁེ་དབང་སྔར་ལྷག་སྤྲོད་དགོས་སྐོར་འགྲེལ་བརྗོད་གནང་འདུག

རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས། དབྱིན་ཡུལ་དང་རྒྱ་ནག་བར་སྤྱི་ཚོགས་ཀྱི་ལམ་ལུགས་དང་རིག་གཞུང་གི་ལམ་སྲོལ་ལ་བར་བརྒལ་ཆེན་པོ་ཡོད་ལ། གནད་དོན་ཁ་ཤས་ཐོག་བསམ་ཚུལ་མི་མཐུན་པ་ཡོད་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག ཁོང་གི་པེ་ཅིན་གྱི་གཟིགས་སྐོར་སྐབས་སྲིད་བློན་ཝུན་ཅ་པའོ་ལ་མཇལ་འཕྲད་གནང་ཡོད་པ་རེད།

དེ་བཞིན་དབྱིན་ཇིའི་སྲིད་བློན་གསར་པ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕྱག་ཡིག་ཞིག་གནང་ཡོད་པ་དང། དེའི་ནང་བོད་ཀྱི་དཀའ་རྙོག་སེལ་ཐབས་ནི་ཕྱོགས་གཉིས་བར་དོན་དམ་གྱི་གྲོས་མོལ་བྱེད་རྒྱུ་དེ་རེད། དབྱིན་ཇིའི་གཞུང་གསར་པའི་ངོས་ནས་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པ་དང། བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་སུ་དབྱིན་ཇིའི་གཞུང་གིས་མུ་མཐུད་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཀྱི་ཡིན་ཞེས་འཁོད་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། སྲིད་བློན་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་རེད།།

{jcomments on}