ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་བགྲོ་གླེང།

དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་སུད་སི་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག འབྱུང་འགྱུར་གྱི་བཀའ་སྤྱི་གཉིས་ཀྱི་སྐོར་ལབགྲོ་གླེང་ཞིག་འཚོགས་ཡོད་པ་དང། སྐབས་དེར་སུད་སིའི་ས་ཁུལ་འདྲ་མིན་ནས་ཚོགས་ཞུགས་བ་༥༠ ལྷག་ཙམ་འཛོམས་ཡོད་ཅིང། བགྲོ་གླེང་དེའི་བརྗོད་གཞི་ཁག་གཉིས་ལ་དབྱེ་ཡོད་པ་རེད། དང་པོ། བཙན་བྱོལ་བོད་གཞུང་ངོ་སྤྲོད་དང་འོས་འཕེན་གྱི་བརྒྱུད་རིམ་དང་དགོས་པ། གཉིས་པ། ད་ལྟའི་བཀའ་ཁྲིའི་འོས་མི་དང་ཡུ་རོབ་ཀྱི་སྤྱི་འཐུས་འོས་མི་ངོ་སྤྲོད་བྱས་ཡོད་པ་རེད།

དེ་ནས་ཚོགས་བཅར་བ་ཚོས་བཀའ་སྤྱི་གཉིས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོར་གནང་བ་དང་འབྲེལ། ཚོད་ལྟའི་ཐོག་ནས་འོས་ཤོག་ཀྱང་འཕངས་ཡོད་པ་རེད། དེ་བཞིན་དྲ་རྒྱ་དབུ་འབྱེད་དང་ཚོགས་ཞུགས་བ་ཚོའི་དྲི་བ་བསྡུ་རུབ་སོགས་བྱས་ཡོད་པ་དང། དྲི་བ་རྣམས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཡོད་པ་རྣམས་ལ་གཏོང་འཆར་དང། དེ་བཞིན་དྲི་བ་གནད་འགག་ཆེན་པོ་རྣམས་དབྱིན་ཡིག་དང་འཇར་མིན་ནང་བསྒྱུར་ནས་དཔར་སྐྲུན་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}