དཔེ་བཤད་སོང་བའི་ངན་ལན།
གཞན་ལ་སྐྱབས་འགྲོའི་ཆོས་སྐོར་འཆད་ཅིང་འཇིག་རྟེན་ལྷ་ལ་སྐྱབས་སུ་བཅོལ།།
གཞན་ལ་སེམས་བསྐྱེད་ཕན་ཡོན་བསྒྲགས་ཤིང་དོན་ལ་རང་དོན་གཅེས་སུ་འཛིན།།
གཞན་ལ་སྐྱོན་འདོགས་འཕྱ་སྨོད་མཁས་ཤིང་རང་སྐྱོན་ལྟ་བའི་མེ་ལོང་མེད།།
གཞན་གྱིས་བལྟས་ན་ཟོག་པོའིརྟགས་སུ་རྗེན་པར་མངོན་པ་བདག་གིས་སྨྲས།།
མཁན་པོའི་མཚན་རྟགས་ཁྱད་དུ་གསོད་ཅིང་དཔེ་མཛོད་ངོས་སྦྱོར་ངོ་ལེན་མེད།།
ཚོགས་འདུའི་གྲོས་ཆོད་ཡིག་ཚང་བཞག་ཀྱང་བརྩི་མེད་ཁྱེད་ཀྱིས་རྡོག་རོལ་བཏང་།།
མཁན་པོས་ཚོགས་འདུ་བསྐང་དགོས་གསུངས་ཀྱང་ཁྱེད་ཀྱིས་བཤོལ་ཐབས་ཁོ་ན་བྱས།།
དགེ་བཤེས་ལྷོ་པས་གཡོ་ཐབས་ཡིན་ལ་དྲང་པོ་ལས་ཤིག་ག་ལ་ཡིན།།
གཤགས་འགྱེད་ཙམ་གྱི་འཆད་རྩོད་ཡིན་གྱི་ཐར་པ་དོན་གཉེར་ག་ལ་ཡིན།།
འཁོར་གཡོག་འཁུགས་ཕྱིར་ངུར་སྨྲིག་གྱོན་ལ་ཚངས་སྤྱོད་རྟགས་སུ་ཡིན་དོན་མེད།།
གཡོ་སྒྱུའི་ཟོལ་གྱིས་འཛུམ་མདངས་སྟོན་་ལ་བྱམས་པའི་སེམས་ཀྱིས་ཡིན་མི་སྲིད།།
དགེ་བཤེས་ལྷོ་པའི་གཤིས་ཀ་ཡིན་གྱི་གྲྭ་བ་ཐམས་ཅད་ཅིའི་ཕྱིར་ཡིན།།
དཔེ་བཤད་སོང་བའི་ངན་ལན་ཡིན་གྱི་ང་ལ་མི་དགས་རྐྱང་པ་མིན།།
ཁོ་རང་དམིགས་ཡུལ་འགྲུབ་ཕྱིེར་ཡིན་གྱི་སྒྲིག་གཞིར་འགལ་བ་ཡིན་དོན་མེད།།
ཁོ་ཡིས་མཐོང་ཆུང་ཁྱད་གསོད་ཡིན་གྱིི་ང་ཡིས་དཀྲོག་དཀྲོག་བྱེད་པ་མིན།།
དགེ་བཤེས་ལྷོ་པས་རྫུན་ཚིག་ཤོད་ཀྱི་ཁོ་བོས་བཤད་པ་དྲང་བདེན་ལགས།།
རང་གི་སློབ་དུས་རྒྱུགས་ཤོག་མཁྲེགས་ན་ངུ་ངག་དང་བཅས་དམོད་མོ་བཏབ།།
གཞན་ལ་དྲི་ཤོག་ལུགས་མིན་བཏང་སྟེ་ཧམ་བཤད་ལུང་པ་གང་དུ་བཤད།།
རི་རྫོང་མཁན་པོས་ཕྱག་གིས་བཞེངས་པ་ཁྱེད་ཀྱིས་རྐང་པས་འདམ་ལྟར་བརྫིས།།
ཇོ་བོ་བཀའ་གཏམས་དགེ་བཤེས་ཡིན་ན་ཐུགས་བསམ་ཏོག་ཙམ་བཞེས་ཤིག་ཀྱེེ།།
བློ༵་ངན་མང་བས་ཡུལ་ཁམས་འཇོམས་ཤིང་བདེ་བའི་རྩ་བ་ཀུན་ཏུ་བརླགས།།
མི་བཟང༵་གཅིག་ལ་ཐམས་ཅད་དགའ་ཞིང་ཀུན་གྱིས་སྤྱི་བོར་གཙུག་ཏུ་བཀུར།།
རྙོག་འཛིང་ཆེ་བའི་མི་ཡུལ་འདི་ན་ལེགས་བཤད་འདི་འདྲ་ཤིན་ཏུ་དཀོན༵།།
མཆོག༵་མིན་མཆོག་ཏུ་བརྫུས་པའི་དགེ་བཤེས་ལྷོ་པས་ལེགས་པར་ཉོན་ཅིག་གུ།།
དམ་པའི་ཆོས༵་ལ་དད་པས་འཇུག་པ་སྔོན་གྱི་དམ་པའི་མཛད༵་སྤྱོད་ལགས།།
ཕུན༵་ཚོགས༵་སྡེ་བཞིའི་དཔལ་ལ་དབང་བས་གྲྭ་ཚང་ཆོས་མཛད་མཚན་སྙན་བླངས།།
སྔོན་བྱོན་མཁས་དབང༵་ལུགས་བཟང་བཞིན་དུ་འདུས༵་སྡེ་ཆེ་ལ་སྙན་བཀུར་ཞུས།།
དགེ་བཤེས་ལྷོ་པའི་གྲལ་འགོར་དབང་ལ་མི་དགའ་བྱས་ཀྱང་ཅི་ཞིག་ཕན།།
བློ༵་ངན་དུག་སྡོང་ཚང་ཚིང་དཀྲིགས་པའི་ནགས་ཚལ་མུན་པ་སྟུག་པོའི་ཁྲོད།།
བཟང༷་པོ་སྤྱོད་པའི་སྨན་གྱི་ལྗོན་ཤིང་སྐྱེ་བའི་རེ་བ་དོན་མེད་ཡིན།།
དཀོན༵་པའི་ཙན་དན་སོལ་བ་བཏང་ཞིང་ཆུ་ཤིང་སྐམ་པོ་གསོ་སྐྱོང་བྱེད།།
མཆོག༵་དམན་ཀུན་ཀྱིས་འཕྱ་བའི་གནས་གྱུར་ཁྱེད་ཀྱིས་ད་དུང་མ་མཁྱེན་ནམ།།
ཨ་ཁུ་མཁས་པས་རྩོམ་འདི་གཟིགས་ཚེ་རང་དབང་མེད་པར་ཁོང་དགོད་ཤོར།།
ཨ་ཕོ་ཁྱོ་ག་ཁྱེད་ཀྱིས་གཟིགས་ཚེ་སྙིང་གི་ཟེའུ་འབྲུར་མདའ་མོ་ཟུག།
ཨ་ཙི་ལྷོ་པ་ཀུ་རེ་ཡིན་ཡང་ཞིབ་ཏུ་བསམ་ན་གོ་རྒྱུ་ཆེ།།
ཨ་མའི་བུ་ཁྱོད་ང་དང་འདྲ་ན་འདི་ལ་ལན་ཞིག་ཐོངས་ཤིག་ཀྱེེ།།
རྩོམ་འདི་བྲིས་ནས་ལོ་མང་སོང་ཡང་སེམས་ཆུང་བྱས་ནས་དྲར་བཀོད་མེད།།
མེ་ཇེ་ཌི་ལར་ལྷོ་པས་མི་བཙོང་ཨ་རི་ཌོ་ལར་རག་པའི་རབས།།
ཁོ་བོས་ཐོས་པའི་སེམས་ལ་མ་བཟོད་ལྷོ་པའི་ངོ་སྤྲོད་འདི་སྐད་དུ།།
དྲ་བར་བཀོད་དེ་མཁས་པའི་མདུན་སར་ཤེས་པའི་ཕྱིར་དུ་བཤམས་སོ་ལོ།།
ཕྱི་ལོ་༢༠༠༡ཟླ་༠༧་ཚེས་༠༣ཉིན་ལྷོ་པ་བློ་བཟང་དཀོན་མཆོག་གིས་ཕྲན་ཚ་འཕྲེང་སྤྲུལ་སྐུ་ཆེ་བ་སར་དབུ་མ་ལབ་ལབ་གཏོང་དུ་སོང་བས་ཁོ་པས་ཕྲག་དོག་གིས་ཁོ་བོར་གྲྭ་ཚང་དུ་རྒྱུགས་སྤྲོད་གཉིས་གཏོང་ཆོག་པ་བཀག་འགོག་བྱས་རྗེས་སྐྱོ་སྣང་དུ་ཐལ་བའི་ཚིགས་སུ་བཅད་པ་འགའ་བསྲིངས།
