མ་ཎི་དུང་སྒྲུབ་ཐེངས་བརྒྱད་པ།
དེ་ནི་ཕྱིི་ཚེས་༣༠ བར་གྱི་བདུན་ཕྲག་གཅིག་ལྷག་རིང་འཚོགས་ཡོད་པ་དང་སྐབས་དེར་བོད་མི་དང་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ནང་པའི་མི་རིགས་སོགས་མང་པོ་འཛོམས་ཡོད། བླ་མ་དཀོན་མཆོག་བསྟན་འཛིན་རིན་པོ་ཆེ་མཆོག་གིས་གསུངས་ན། བོད་ཁ་བ་གངས་ཅན་གྱི་ལྗོངས་ནི་འཕགས་མཆོག་ཕྱག་ན་པདྨོ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་པ་དང་། དད་ལྡན་ཚོས་ལྷ་དང་བླ་མ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་དེ་ཡང་འཕགས་མཆོག་སྤྱན་རས་གཟིགས་ཡིན་པས། ཚང་མས་སྤྱན་རས་གཟིགས་ཀྱི་གཟུངས་བསྔགས་མ་ཎི་དུང་སྒྲུབ་ཚོགས་ནས་སྤྱིར་འཛམ་གླིང་ཞི་བདེ་དང། བལ་ཡུལ་ལ་རྒྱལ་སྲིད་བརྟན་ལྷིང། དེ་བཞིན་༸གོང་ས་མཆོག་གི་གཙོས་བླ་མ་སྐྱེས་ཆེན་དམ་པ་ཚོའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ། ད་དུང་རྒྱུ་རྐྱེན་འདྲ་མིན་འོག་རྐྱེན་འདས་སུ་སོང་བའི་གཞིས་ལུས་བོད་མི་གཙོས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སྨོན་ལམ་ཡག་པོ་རྒྱག་དགོས་པ་སོགས་གསུངས་སོང།།
འདི་གའི་གསར་འགོད་པས་ས་གནས་ནས།