སྤྱི་འཐུས་ལྷན་ཚོགས་ཀྱིས་༧གོང་ས་མཆོག་ལ་སྙན་ཞུ་ཕུལ་བ།

སྙན་ཞུ་དེའི་ནང་དུ་ཕྱི་ལོ་༢༠༠༨ ལོར་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་རྒྱབ་གཉེར་སྙན་ཐོ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་རྗེས་དང། ལྷག་པར་ཕྱི་ལོ་༢༠༡༠ ལོར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་སྤྱི་མོས་གྲོས་ཆོད་ཡིག་ཆ་ཨང་༦༣ པའི་དགོངས་དོན་བཅས་དང། ༢༠༡༠ ལོར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་བསམ་འཆར་པྱོགས་བསྡོམས་སྙན་ཐོ་བཅས་ཀྱི་འབྲུ་དོན་ལྟར།

“༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་དང་། བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་སྦྲགས། མགོན་པོ་གང་གིས་ཕྱེད་བགྲེས་ཡོལ་ཡིན་པའི་སྐོར་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན། དེ་འདྲ་དགོངས་བཞེད་ནམ་ཡང་མི་མཛད་པའི་ཚོགས་ཆེན་འདི་ཐོག་ནས་སྙན་གསན་ཞུ་རྒྱུ་”ཞེས་སྤྱི་མོས་ཀྱིས་གཏན་འབེབ་ཞུས་ཡོད་པ་བཅས་ལ་བརྟེན། མགོན་པོ་གང་ཉིད་ནས་ཕྱེད་བགྲོས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན་རྣམ་མཁྱེན་ཆོས་ཀློང་ཆེན་པོར་མངའ་བ་མཁྱེན་ཞེས་སོགས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱི་མཚན་ཐོག་ནས་ཕུལ་ཡོད་པ་རེད།།

སྙན་ཞུ་ཆ་ཚང་འདིར་གཟིགས།

{jcomments on}