ང་ཅི་ཞིག་འཚོལ་དུ་ཕྱིན་པ་རེད།

༡  བྱམས་པའི་ཕ་མ། བརྩེ་བའི་མིང་སྲིང་། གཅེས་པའི་ཉེ་འབྲེལ། དུང་བའི་མཛའ་གྲོགས་། བསགས་པའི་ནོར་རྫས། འཁྲེང་བའི་ཕ་ཡུལ། ཡོད་ཚད་ནས་ཡོད་ཚད་བློས་བཏང་། མི་ལོ་བཅུ་བདུན་རིང་། ང་ཅི་ཞིག་འཚོལ་དུ་སོང་བ་ཡིན་ནམ།

༢  གནམ་གཤིས་ཀྱི་དྲོ་གྲང་ལུས་ཁམས་ལ་མི་འཕྲོད། བཟའ་གཏུང་གི་ལོངས་སྤྱོད་དོན་སྣོད་ལ་མི་འཕྲོད། སྐད་བརྡ་དང་གོམས་གཤིས་ཡུལ་མི་ལ་མི་འཕྲོད་་པའི་རྒྱུས་མེད་ཀྱི་མི་ཡུལ་འདི་ནས་ངས་ཅི་ཞིག་འཚོལ་བཞིན་ཡོད་དམ།

༣    ཚ་གྲང་གི་ནད་དང་མུ་གེས་མནར། ལུས་ཟུངས་ཀྱི་དཔལ་ཡོན་ཉམས། ཤ་ཟད་རུས་ལ་ཐུག དུས་མིན་ལྔ་ལམ་དུ་འགྲོ་ལ་ཉེ་ཡང་། ཨུ་ཚུགས་མཐའ་བསྐྱེལ་གྱིས། ད་དུང་ངས་ཅི་ཞིག་འཚོལ་ལམ།

༤   བཙལབཙལ་བའི་མཐར་ཅི་ཡང་མ་རྙེད་པའི་ཉིན་མོ་དེར། ངས་ང་རང་སུ་ཞིག་ཡིན་པ་གཞི་ནས་ངོ་ཤེས་སོང་།