འཆར་སྣང་གི་གཟུགས་རིས།
དེ་བྱེད་མ་ཐུབ་ན་ང་ཚོའི་རིག་གཞུང་རང་གིས་དམར་གསོད་བཏང་བ་རེད་དེ་ནི་མི་རིགས་ གཞན་ཞིག་གི་སྐྱོབ་ཐུབ་ཡེ་ནས་མེད་པ་འུ་ཅག་ཡོངས་ནས་ཤེས་དགོས་པ་དངོས་ཡོད་གནས་ཚུལ་རེད་ཀུན་གྱི་ནུས་པ་མཉམ་སྤུངས་བྱས་ཏེ་རང་མི་རིགས་ཀྱི་རིག་གཞུང་ཆེ་ཆུང་གང་འདྲ་ཡིན་ཡང་ མཐོང་ཆེན་དང་གདེངས་འཇོག་བྱེད་ཀྱི་བོད་མི་ཡོངས་རྫོགས་ལ་ཡོད་པའི་སེམས་དཀྱིལ་དུ འཆང་དགོས་པ་རང་གི་རིག་གཞུང་ལ་འབད་བརྩོན་ལྷོད་མེད་གནང་རྒྱུ་དང མ་རྩ་རང་གི་རིག་གཞུང་གི་འཇོག་དགོས་པ་དང་དེ་ནས་མི་རིགས་གཞན་གྱི་སྐད་ཡིག་དང་ དེངས་དུས་ཀྱི་ལག་རྩལ་སོགས་ལ་ཅི་ནུས་ཀྱིས་སློབ་སྦྱོང་གནང་རྒྱུ་འུ་ཅག་གི་ཕུགས་བསམ་དང་ མདུན་བསྐྱོད་ཀྱི་རེ་བ་དངོས་གནས་དེ་ཡིན་པའི་ངོ་ཤེས་ངོས་ཟིན་དགོས་སོ་ དུས་རབས་ཉེར་གཅིག་གི་ནང་ལ་འཛམ་གླིང་གང་སུལ་ལ་ཕོ་འགྱུར་འགྲོ་བཞིན་པ་རེད་ འུ་ཅག་བོད་པ་ཚང་ལ་མཚོན་ན་དེ་ག་རང་རེད་ཡིན་ནའང་ཅོལ་ཆུང་དང་གཡམ་རྒྱུག་མི་བྱེད་པར་སློབ་གསོ་དང་མདུན་བསྐྱོད་ཀྱི་སྟེགས་བུ་ལེན་དགོས་དུས་ཆེད་དུ་འགོ་རང་ནས་བརྩམ་སྟེ་ མཇུག་རང་ནས་འཕུད་དགོས་ཐོག་མཐའ་བར་གསུམ་གང་ལ་ཡང་ནུས་ཤུགས་ཆེ་རུ་གཏོང་ དགོས་པ་ང་ཚོ་ཚང་མའི་ཕྲག་སྟེང་གི་འོས་འགན་རྣལ་མ་ཞིག་རེད་ ཁུ་སིམ་སིམ་དང་ལྷོད་ཡང་ཡང་གི་ངང་ནས་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་སྙིང་སྟོབས་དང་ དཀའ་ངར་ལ་གདོང་ལེན་ཕང་མེད་བྱེད་ཐུབ་བྱེད་ཀྱི་རྩ་བའི་ཆ་སྐྱེན་མེད་དུ་མི་རུང་པ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ཡིན་པས་དེ་ལུགས་ཐུགས་ལ་འཇག་པར་མཁྱེན་མཁྱེན་་་་་་་་འཆར་སྣང་ཁྲོད་ཀྱི་མྱོང་ཚོར།