གསེར་དངུལ་མི་ལ་ཤོར་བཟའ་ཟླ་དང་བུ་ཕྲུག་མི་ཡུལ་དུ་བརྫངས།

ཟླ་གྲངས་འགའི་རིང་ཁ་ཆེའི་རྒྱལ་ཁབ་ལི་བྷི་ཡའི་གྱེན་ལངས་པ་ཚོས། སྲིད་འཛིན་གྷ་དྷ་ཕྷིའི་ཡིས་མི་ལོ་བཞི་བཅུའི་རིང་སྲིད་དབང་ཟིན་པའི་རིང། མི་མང་ལ་མནར་གཅོད་དང་སྲིད་དབང་སྒེར་འཛིན་ཁོ་ན་བྱས་ཡོད་པས། རྒྱལ་ཁབ་ཀྱི་བདག་དབང་མི་མང་ལ་ཐག་གཅོད་བྱེད་པའི་དབང་ཆ་དགོས་ཞེས་ངོ་རྒོལ་རིམ་གྱིས་བྱས་པ་དང་བསྟུན་ནས། ས་གནས་མང་པོའི་ནང་ངོ་རྒོལ་ཕྱོགས་ཁག་གིས་དྲག་པོའི་ལས་འགུལ་སྣ་ཚོགས་སྤེལ་བཞིན། དེ་དང་བསྟུན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་དཔུང་དང་ཡུ་རོབ། ཨ་རི་སོགས་ཀྱི་དམག་དཔུང་གི་རོགས་རམ་དང་གོ་མཚོན་གྱི་མཐུན་འགྱུར་བྱས་པས། ལུང་པ་དེའི་ས་གནས་ཆེ་ཁག་དབང་སྒྱུར་ཟིན་ནས་ཉེ་དུས་རྒྱལ་ས་ཊིར་པོ་ལི་ནང་འབྱོར་ཡོད་པ་རེད།

སྲིད་འཛིན་གྱིས་གྱེན་ལངས་ཕྱོགས་ཁག་དང་ཞི་མོལ་བྱེད་འདོད་པའི་གྲོས་འགོ་བཏོན་ཡོད་རུང་དང་ལེན་མ་བྱས་པའི་ཐོག གྱེན་ལངས་པ་ཚོས་རྒྱལ་སར་བཟོ་སྐྲུན་བྱས་ཡོད་པའི་སྲིད་འཛིན་གྱི་རྡོ་སྐུ་གཏོར་བཤིག་དང།  སྲིད་འཛིན་གྱི་པར་དང་ཞྭ་མོ་བོང་གུར་གཡོག་ནས་བཞོན་པ་དང་། རྒྱ་ལམ་སྟེང་དམའ་འབེབས་སྣ་ཚོགས་བྲིས་པའི་པར་རིས་བཀྲམ་སྟེ། མི་མང་གི་རྐང་འོག་ཏུ་བརྫིས་བཅུག་པ་སོགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་རེད། འདི་མཐོང་པ་དང་ཨི་རག་གི་སྲིད་འཛིན་འདས་པོ་འགོ་རྟིང་སློག་པའི་བརྒྱུད་རིམ་དང། ཨུ་རུ་སུ་དམར་ཕྱོགས་ཀྱི་འགོ་འཁྲིད་ལི་ནའི་དང་སི་ཏ་ལིང་སོགས་ཀྱི་འདྲ་སྐུ་གཏོར་བ་དེ་ལྷང་ལྷང་དྲན་ཡོང་གི་འདུག དངོས་གནས་སྐབས་ཤིག་རླུང་རྟ་ཞིག་དར་ཡོང་དུས་འཛམ་གླིང་མི་མང་གིས་མི་འདོད་བཞིན་དུ་རྡོ་བརྐོས་འདྲ་གཟུགས་ལ་གུས་དུད་དང་མེ་ཏོག་གི་ཕྲེང་བ་གཡོགས་དགོས་བྱུང་བ་དང། རླུང་རྟ་ཆག་པའི་སྐབས་འདྲ་སྐུ་ཐལ་བའི་རྡུལ་བརླགས་ནས་མི་མང་གི་འཕྱ་མོད་དང་ཁོང་དགོད་ཤོར་སའི་གནས་གཞི་ཆགས་འགྲོ་བ་དེ་ནི། དངོས་གནས་མི་རྟག་པ་རང་རེད།

ད་ལྟའི་སྐབས་གྱེན་ལངས་པ་ཚོར་དཀའ་ངལ་ཞིག་ཡོད་པ་ནི། སྲིད་གཞུང་གིས་གྱེན་ལངས་བ་ཁྲི་༥༠༠༠༠ ལྷག་ཙམ་བཙོན་འཇུག་བྱས་ཡོད་པས། དེ་དག་སྲོག་ཐོག་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང། ད་ལྟའི་སྐབས་རྒྱལ་སྤྱིའི་གསར་འགོད་པ་ཚོས་གྱེན་ལངས་པ་མང་པོ་སྲོག་ཐོག་བཏང་ཡོད་པའི་སྐོར་གྱི་འདྲ་པར་དང་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད། མི་མང་གི་མང་གཙོའི་ཆེད་དུ་རང་སྲོག་བློས་བཏང་གིས་དཀའ་ལས་རྒྱག་བཞིན་ཡོད་པ་དང། སྲིད་གཞུང་རྙིང་པ་འགོ་རྟིང་སློག་ནས་གསར་པ་བཙུགས་པའི་སྐབས། འཛིན་སྐྱོང་དང་གྲོས་ཚོགས་སོགས་གསར་འཛུགས་བྱེད་དགོས་པས། དེའང་འཇིགས་སྣང་ཅན་དང་དཀའ་ཚེགས་ཆེ་བའི་ལམ་བུ་ཞིག་ཡིན་པ་ངོས་འཛིན་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད། ད་ལྟའི་སྐབས་ཁ་ཆེའི་རྒྱལ་ཁབ་མང་པོ་ཞིག་གིས་གཅིག་གིས་གཅིག་ལ་བལྟས་ཏེ་གྱེན་ལངས་བྱེད་བཞིན་ཡོད་པས། འཛམ་གླིང་འདིའི་བཀས་བཀོད་བརྒྱུད་འཛིན་ལམ་ལུགས་ཀྱི་རྒྱལ་ཁབ་ཉུང་དུ་འགྲོ་ངེས་པ་རེད།

འདིའི་ཤུགས་རྐྱེན་རྒྱ་ནག་ཏུ་ཡོང་སྲིད་པའི་འཇིགས་སྣང་གིས། རྒྱ་ནག་གི་དཔོན་རིགས་ཚོས་མི་མང་ལ་ཞི་དྲག་གཉིས་ཀའི་ཐོག་ནས་མགོ་གནོན་བྱེད་ཀྱི་ཡོད་པ་རེད། ང་ཚོས་མཐོང་ཐུབ་པ་ཞིག་ནི། ད་ལྟའི་སྐབས་དཀྱིལ་ཤར་རྒྱལ་ཁབ་ཁག་གི་མི་མང་གིས་རེ་འདུན་བྱེད་པ་བཞིན། རྒྱལ་ཁབ་དེ་དག་མང་གཙོ་ཅན་དུ་བསྒྱུར་ཐུབ་ན། ལོ་༡༠ ཙམ་གྱི་རྗེས་སུ་རྒྱ་ནག་གི་སྲིད་གཞུང་ལའང་འགྱུར་ལྡོག་ཡོང་རྒྱུ་ནི་བཤད་མི་དགོས་པ་ཞིག་རེད། ཡིན་ནའང་རྒྱ་ནག་ལ་འགྱུར་ལྡོག་ཡོང་བ་ཙམ་གྱིས་བོད་དོན་བདེན་མཐའ་སེལ་གྱི་རེད་ཅེས་ཤོད་ཚོད་དཀའ་བ་དང། རྒྱ་ནག་ལ་འགྱུར་ལྡོག་ཡོང་བ་དང་སྲིད་གཞུང་དང་ལམ་ལུགས་ག་འདྲ་ཞིག་ཆགས་ཐུབ་མིན། ལོ་ཇི་ཙམ་འགོག་གི་ཡོད་མེད་ཤོད་ཚོད་དཀའ་བ་ཞིག་རེད་དྲན་གྱི་འདུག  སྲིད་འཛིན་གྷ་དྷ་ཕྷི་ཡིས་ཆབ་སྲིད་སྐྱོང་བའི་ལོ་རྒྱུས་བོད་སྒྱུར་གྱི་དུས་ཚོད་རག་མ་སོང་བས་དབྱིན་ཡིག་ནང་འཇོག་གི་ཡིན་་་་་་ The history of Libya under Muammar Gaddafi spans a period of over forty years, from 1969 to 2011.

Gaddafi became the de facto leader of the country on 1 September 1969 after leading a group of young Libyan military officers against King Idris I in a coup d’état. After the king had fled the country, the Revolutionary Command Council (RCC) headed by Gaddafi abolished the monarchy and the constitution and proclaimed the new Libyan Arab Republic with the motto “freedom, socialism, and unity”.[1]

After coming to power, the RCC government initiated a process of directing funds toward providing education, healthcare and housing for all. The reforms, though not entirely effective, had had their effect. Public education in the country is free and primary education is compulsory for both boys and girls. Medicare is also available to the public at no cost but providing housing for all is a task the RCC government has not been able to complete yet.[2] In 1977, Gaddafi renamed the Libyan state to Great Socialist People’s Libyan Arab Jamahiriya, where Jamahiriya is a term coined by Gaddafi, usually translated as “state of the masses”.

Under Gaddafi, per capita income in the country rose to more than US $11,000, the fifth highest in Africa.[3] The increase in prosperity was accompanied by a controversial foreign policy, which at times authorised the use of terror to achieve desired goals, and increased political repression at home.[1][4]

During the 1980s and 1990s, Gaddafi openly supported international terrorism, which led to a deterioration of Libya’s foreign relations, culminating in the US bombing of Libya in 1986. However, after the 9/11 attacks, Gaddafi began to distance himself from terrorism, and during the 2000s, Libya’s international relations were mostly normalized, the US rescinding its designation of Gaddafi’s Libya as a state sponsor of terrorism in June 2006. Gaddafi’s last appearances as the leader of Libya on the international stage was his eccentric 100-minute speech to the United Nations on 23 September 2009, and (as Chairman of the African Union) his attendance at the G8 summit in Italy in July 2010.

In early 2011, a rebellion against Gaddafi’s regime broke out in the context of the wider “Arab Spring“. A National Transitional Council was formed on 27 February with the purpose of assuming interim authority. After a number of atrocities and war crimes, and the threat of further massacres, a multinational coalition led by NATO intervened on 21 March with the aim to protect civilians against attacks by the regime’s forces.[5] and the International Criminal Court issued an arrest warrant against Gaddafi and his entourage on 27 June 2011.

Gaddafi was ousted from power in the wake of the fall of Tripoli to the rebel forces on 20 August 2011, although as of 24 August, there remain pockets of resistance held by forces loyal to Gaddafi’s regime in parts of Tripoli, and in Gaddafi’s hometown Sirte.