མདོ་ཁམས་རྫ་ཆུ་ཁ་དབོན་པོ་ཤིང་ཐོག་ཏུ་བོད་ཀྱི་རྒྱ་དར་བསྒྲེངས་པ

vonbo1ཟླ་འདིའི་ཚེས་༧ རེས་གཟའ་པ་སངས་ཀྱི་མཚན་མོར་རྫ་ཆུ་ཁ་བ་དབོན་པོ་ཤིང་(དཀར་མཛེས་ཁུལ། རྫ་ཆུ་ཁ་བ།)གི་སློབ་གྲྭའི་མདུན་ཐང་དུ་རྒྱ་ནག་གི་རྒྱ་དར་ཡོད་པ་མར་ཕབ་སྟེ། བོད་ཀྱི་རྒྱ་དར་བསྒྲེངས་པ་དང་། བོད་རང་དབང་ཞེས་པའི་ཡིག་ཆ་མང་པོ་གང་སར་གཏོར་ཡོད་འདུག

ཞོགས་པ་ཤིང་གི་ལས་བྱེད་ཚོས་བོད་ཀྱི་རྒྱ་དར་མར་བླངས་ཏེ། ཡིག་ཆ་བསྡུས་ཡོད་པ་དང་། སུ་ཡིན་ཤེས་རྟོགས་མ་བྱུང་བས། ད་ལྟའི་ཆར་རྩད་གཅོད་བྱེད་བཞིན་ཡོད་འདུག

གནས་ཚུལ་འཁོ་སྤྲོད་པ་སེར་བྱེས་བྱ་བྲལ་ཁང་ཚན་གྱི་གྲྭ་བྱམས་ཡོན།

vonbovonbo1vonbo2