ཀུ་ཤུ་རྟགས་ཅན་གྱི་ཁ་པར་༥ པ་ཐོན་འདུག

 ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཐོན་༥ པ་དེ་ཕྱི་ཟླ་༩ ཚེས་༢༡ ཉིན་རྒྱལ་ཁབ་དགུ་ཡི་ནང་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་དང་། ད་ལྟའི་ཆར་མང་མང་པོ་ཞིག་གིས་ཁ་པར་དེ་ཉོ་ཆེད་ཚོང་ཁང་སྒོ་ཁར་མཚན་གང་བོར་ཉལ་ནས་བང་སྒྲིག་གི་ཡོད་འདུག

དེ་ཡང་གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཀུ་ཤུ་རྟགས་ཅན་གྱི་ཁ་པར་༥ པ་དེ་ཟླ་འདིའི་ཕྱི་ཚེས་༢༡ ཉིན་རྒྱལ་ཁབ་དགུ་ཡི་ནང་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་ལས། རྒྱལ་ཁབ་དེ་དག་ནི་ཨོ་སི་ཁྲོ་ལི་ཡ། ཁེ་ན་ཌ། ཧྥ་རན་སི། ཇར་མི་ནི། ཉི་ཧོང་། ཧོང་ཀོང་། སིངྒཱ་པུར། དབྱིན་ཡུལ། ཨ་རི་བཅས་ཡིན་པ་རེད།
576987_4268229157525_2077052118_nཀུ་ཤུའི་རྟགས་ཅན་བཟོ་གྲྭས་བཟོས་པའི་ཨ་ཡེ་ཧྥོན་ཁ་པར་༥ པ་དེ་འགྲེམས་སྤེལ་བྱས་པའི་ཉིན་དང་པོར་ཐོན་གྲངས་ས་ཡ་གཉིས་མངག་ཉོ་བྱུང་ཡོད་པ་དང་། དེ་ནི་ད་ལྟའི་བར་བཟོ་གྲྭ་འདིའི་ཐོན་རྫས་བྲིན་མགྱོགས་ཤོས་དེ་བྱུང་ཡོད་འདུག ཚོང་ཁང་སྒོ་རུ་ཁ་པར་ཉོ་མཁན་བང་བསྒྲིགས་སྟེ། མཚན་མོར་ཡང་དེར་ཉལ་ནས་བསྡད་ཡོད་པ་རེད།

ཀུ་ཤུའི་རྟགས་ཅན་ཁ་པར་༥ པ་མངག་ཉོའི་གྲངས་ཀ་དེས་ཐོན་རིམ་སྔོན་མའི་ཨ་ཡེ་ཧྥོན་ཁ་པར་༤ པའི་ཐོན་གྲངས་ཀྱི་ཟིན་ཐོ་བཅག་ཡོད་པ་དང་། ཀུ་ཤུའི་རྟགས་ཅན་གྱི་བཟོ་གྲྭའི་ཁྲོམ་རྭའི་སྤྱི་ཁྱབ་དོ་དམ་པས་བརྗོད་དོན་ལྟར་ན། ཨ་ཡེ་ཧྥོན་༥ པར་དོ་སྣང་བསམ་ཡུལ་ལས་འདས་པ་ཞིག་བྱུང་སོང་ཞེས་བརྗོད་ཡོད་པ་རེད།
སྔོན་ནས་མངག་ཉོའི་གྲངས་ཚད་ནི་ཐོན་གྲངས་ལས་བརྒལ་ཡོད་པ་དང་། སྐྱོན་བརྗོད་བྱེད་མཁན་དག་གིས་ཐོན་རྫས་འདི་སི་ཊེབ་ཇཱོབ་སིའི་སྐབས་སུ་གསར་བརྗེ་བྱུང་བ་ལྟར་མ་ཡིན་པར། འཕེལ་རིམ་གྱི་རང་བཞིན་ཞིག་རེད་ཅེས་བརྗོད་ཡོད་པ་རེད། ཀུ་ཤུའི་རྟགས་ཅན་གྱི་བཟོ་གྲྭའི་འགན་འཛིན་གཞོན་པ་ཧྥི་ལིབ་ཤཱི་ལེར་གྱིས་བཟོ་གྲྭ་འདི་རྒྱལ་ཁབ་༡༠༠ ཐམས་པ་དང་། ཕྱི་ཟླ་༩ པའི་ཚེས་༡༢ ཉིན་ལག་ཐོག་ཁ་པར་འགྲེམས་སྤེལ་བའི་ཚོང་རོགས་༢༤༠ ཙམ་ལ་སླེབས་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་བརྗོད་ཡོད་པ་རེད།

གཟའ་འཁོར་རྗེས་མའི་རེས་གཟའ་པ་སངས་ཉིན་ཨ་ཡེ་ཧྥོན་ཁ་པར་༥ རྒྱལ་ཁབ་གཞན་༢༢ ལ་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་དང་། དེ་ནི་ཨོ་སི་ཊི་རི་ཡ། བྷེལ་ཇེམ། ཆེག་སྤྱི་མཐུན་རྒྱལ་ཁབ། ཌེན་མག ཨེ་སི་ཏོ་ནི་ཡ། ཧྤིན་ལན་ཌ། ཧང་གྷ་རི། ཨ་ཡེ་རི་ལན་ཌ། ཨི་ཊ་ལི། ལིག་ཊེན་སི་ཊན། ལི་ཐུ་ནི་ཡ། ལུཀ་ཛེམ་བྷོག ནི་དྷར་ལན་ཌ། ནིའུ་ཛི་ལན་ཌ། ནོར་ཝེ། པོ་ལན་ཌ། པོར་ཆུ་གྷལ།་སི་ལོ་ཝ་ཀི་ཡ། སི་ལོ་ཝེ་ནི་ཡ། སི་པེན། སི་ཝེ་ཌན། སི་ཝི་ཛེར་ལན་ཌ་བཅས་སུ་ཡིན་པ་རེད།