གཞོན་ལྷན་གྱི་ལས་འགུལ་བ་ཉེན་རྟོག་པས་བཀག་ཉར།

protest7_tycཟླ་འདིའི་ཚེས་༡༢ ཉིན་གུང་ཆུ་ཚོད་༡ ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་སྣེ་ཁྲིད་པའི་ཚོགས་མི་བཅུ་གསུམ་གྱིས་ལྡི་ལིའི་རྒྱ་ནག་གཞུང་ལ་ཚབ་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་གར་ཉེན་རྟོག་པས་ཁོང་ཚོ་བཀག་ཉར་བྱས་ཡོད་པ་རེད།

གནས་ཚུལ་དེའི་སྐོར་ཟླ་འདིའི་ཚེས་༡༢ མཚན་མོ་གཞོན་ལྷན་དབུས་རྒྱུན་དཀོན་མཆོག་ཡར་འཕེལ་ལ་ཁ་པར་བརྒྱུད་གནས་འདྲི་བྱས་པར། ཁོང་གིས་ལྡི་ལི་ནས་འགྲེལ་བརྗོད་གནང་དོན། protest1_tyc“གཞོན་ལྷན་གྱི་ཚོགས་གཙོས་སྣེ་ཁྲིད་པའི་ཚོགས་མི་༡༣ གྱིས་དེ་རིང་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ་བྱས་ཏེ། གཞུང་ཚབ་ཀྱི་སྒོ་ཆེན་དང་པོར་འཛུལ་ཐབས་བྱེད་སྐབས། ཚང་མ་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་སོང་། སྐབས་དེར་རྡུང་རྡེག་ཀྱང་ཕྲན་བུ་ཐེབས་ཡོད་པ་རེད་”ཅེས་དང་། ཁོང་གིས་མུ་མཐུད་གསུང་དོན། “ལས་འགུལ་སྐབས། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་རང་བཙན་དགོས་པའི་སྐད་འབོད་དང་དགོས་འདུན་བཏོན་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།

ཟླ་འདིའི་ཚེས་༨ ནས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་དེ་པེ་ཅིང་དུ་འཚོག་འགོ་ཚུགས་ཡོད་པ་དང་། ཟླ་འདིའི་ཚེས་༧ནས་ཚེས་༡༢ བར་བོད་ནང་དུ་བོད་མི་དགུས་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།