རྒྱ་གར་ཨུ་རྗེན་ས་གནས་སུ་བོད་དོན་ལས་འགུལ།

ཟླ་འདིའི་ཚེས་༡༠ ཉིན་སྟེ། ༧གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་༢༣ འཁོར་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ས་གནས་ཚང་མར་བོད་དོན་ལས་འགུལ་སྤེལ་དགོས་པའི་གསལ་བསྒྲགས་དགོངས་དོན་ལྟར།

མཱ་དྷི་ཡ་པར་དྷེ་ཤི་མངའ་སྡེའི་ཨུ་རྗེན་གྲོང་ཁྱེར་དུ་གནས་སྡོད་བོད་མི་ཚོས་བོད་ནང་རྒྱ་གཞུང་གིས་དྲག་གནོན་ལ་རང་ལུས་མེར་སྲེག་གིས་མཚོན་ལས་འགུལ་སྤེལ་གྱི་ཡོད་སྐོར། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་བསྒྲགས་གཏམ་ཡིག་ཆ་འགྲེམས་སྤེལ་དང་། གསལ་འགོད་གསལ་བསྒྲགས། རྒྱ་གར་གྱི་དཔོན་རིགས་ཚོར་ཐུག་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་སོགས་ཀྱི་ལས་འགུལ་སྤེལ་ཡོད་སྐོར། ས་གནས་ནས་བསྟན་འཛིན་སྒྲོལ་མས་འགྲེལ་བརྗོད་གནང་སོང་།།