༧ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་འདས་མཆོད།

ཟླ་འདིའི་ཚེས་༧ ནས་ཝཱ་ར་ཎ་སིར་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་རྗེས་དྲན་ཐེངས་བཅུ་པ་དེ་འཚོག་གི་ཡོད་པ་རེད།

དེ་ཡང་འདས་མཆོད་ཚོགས་མི་ཀི་ལུང་མཁན་པོ་ཐུབ་བཟང་གིས་གནས་ཚུལ་བཏང་བ་ལྟར་ན། ༧ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ཆེད། ཕྱོགས་མཐའ་ཁག་གི་ཁོང་གི་ཞལ་སློབ་རྣམས་ཀྱིས་མ་བསྐུལ་དང་བླངས་ཀྱིས་འདས་མཆོད་སྨོན་ལམ་དེ་ཉིད་ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་འཚོག་བཞིན་ཡོད་ནའང་། འདི་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་སྟབས་བསྟུན། འདས་མཆོད་སྨོན་ལམ་སྐབས་བཅུ་བ་དེ་ཟླ་འདིའི་ཚེས་༧ ནས་༩ བར་ཉིན་ལྟར་༧གོང་ས་མཆོག་གི་གསུང་ཆོས་གྲོལ་རྗེས་ཀྱི་ཕྱི་དྲོ་ཆུ་ཚོད་གསུམ་དང་ཕྱེད་ནས་དྲུག་༦ པ་བར། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་སྐོར་བའི་གནས་མཆོག་ཝ་ར་ཎ་སིའི་ཆོས་འཁོར་མཆོད་རྟེན་རིན་པོ་ཆེའི་མདུན་ཐང་དུ། ༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེའི་དབུས་དགེ་འདུན་པ་ཉིས་སྟོང་ལྷག་གིས་བླ་མའི་རྣལ་འབྱོར་དང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་གསོག་སྒྲུབ་ཀྱི་སྒོ་ནས་འཚོག་བཞིན་པ་རེད།།