༸པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ན་ལོ་༡༨ འཁོར་བ།

k7__2013_5_17ཟླ་འདིའི་ཚེས་༡༧ ཉིན་ཉིན་ནི་པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཏེ། ལོ་༡༨ འཁོར་བའི་ཉིན་མོ་ཡིན་པས། དྷ་ས་ས་གནས་གཞོན་ནུ་དང་ས་གནས་བེུད་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག མི་མང་གིས་རིན་པོ་ཆེ་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཡང་ཉིན་དེར་དྷ་ས་མེག་གྷན་དུ་མི་མང་འདུ་འཛོམས་ཀྱིས་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་ཞེས་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་རེད། ཚོགས་པ་གཉིས་ཀྱིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་པཎ་ཆེན་སྐུ་གོང་མ་མཆོག་གིས་བོད་མི་རིགས་ལས་བརླབས་ཆེན་གྱི་ཕྱག་ལས་གནང་བའི་སྐོར་དང་། རྒྱ་ནག་གཞུག་གིས་ཁོང་ཡང་འཛིན་བཟུང་བཙོན་འཇུག་བྱས་པའི་སྐོར་དང་། རྗེས་སུ་སྐུ་གྲོངས་པའི་སྐོར་འཁོད་ཡོད་པ་རེད།

k71__2013_5_17དེ་བཞིན་གསལ་བསྒྲགས་དེའི་ནང་པཎ་ཆེན་སྐུ་ཕྲེང་༡༡ པའི་སྐོར་འཁོད་དོན། “༡༩༨༩ ལོའི་ཟླ་༤ ཚེས་༢༥  ཉིན་བོད་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་སུ་འཁྲུངས་པའི་རིག་སྲས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ ༡༩༩༥ ལོའི་ཕྱི་ཟླ་༥ ཚེས་༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་འབྲལ་དུ་ངོས་འཛིན་ཕྱག་རྟགས་བསྩལ། ༡༩༩༥ ལོའི་ཕྱི་ཟླ་༥ ཚེས་༡༧ ཉིན་དགུང་ལོ་དྲུག་ལ་སོན་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་འཁོར་བཅས་རྒྱ་ནག་གཞུང་གིས་བཙན་འཁྲིད་ཀྱིས་ད་ལྟའང་གར་སོང་ཆ་མེད་དུ་འགྱུར་ཡོད། ༸ པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ད་ཆ་རྒྱལ་སྤྱིའི་གནད་དོན་ཆགས་སྟབས།  ༡༩༩༦།༥།༢༨ ཉིན་རྒྱ་ནག་གཞུང་གིས་གསལ་བསྒྲགས་ཤིག་བྱས་ཡོད་པའི་ནང་། པཎ་ཆེན་རིན་པོ་ཆེ་མཆོག་དང་། ཡབ་ཡུམ་འཁོར་བཅས་ཁོང་ ཚོའི་སྲུང་སྐྱོབ་འོག་ཡོད་པ་ངོས་ལེན་བྱས་ཡོད།   རྒྱ་ནག་གི་རྩ་ཁྲིམས་བརྩིས་ན་ལོ་ ༡༨ ཡན་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་བཞིན་༸པཎ་ཆེན་རིན་པོ་ཆེ་མཆོག་ལའང་སྤྱི་མཚུངས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་དགོས་པ་རེད་”ཅེས་སོགས་འཁོད་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་མུ་མཐུད་འཁོད་དོན། “རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ཕྱི་ཟླ་༡༢ པའི་ཚེས་༨ ཉིན་ལོ་ན་དྲུག་ཡིན་པ་རྒྱལ་མཚན་ནོར་བུ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་ཚབ་ཏུ་བསྐོ་བཞག་བྱས་པ་དང་། ཁོང་ལ་དད་གུས་བྱེད་དགོས་པ་བཙན་བཀའ་གཏོང་མུས་སུ་ཡོད་”༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་སྐོར་འཁོད་ཡོད་པ་རེད།།