པེ་ཅིང་དུ་བྱའི་ཆམ་རིམས་འགོས་པའི་ནད་པ་གཉིས་ཐོན་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ཟླ༥ པའི་ཚེས༢༨ ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། པེ་ཅིང་དུ་བྱ་རིགས་ཆམ་རིམས་(H7N9)འགོས་པའི་ནད་པ་གཉིས་བྱུང་ཡོད་པ་རེད།

ནད་པ་དེ་ནི་ལོ་ན་༦ ལ་སླེབས་པའི་བྱིས་པ་ཞིག་ཡིན་པ་དང་། ཐོག་མའི་ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད་བྱིས་པ་དེ་དང་འབྲེལ་འདྲིས་བྱེད་མྱོང་བའི་མི་༥༠ ཡོད་པས། འབྲེལ་ཡོད་གཏན་འབེབས་ལྟར། མི་སྣ་དེ་དག་ཚང་མར་བརྟག་དཔྱད་བྱས་ཡོད་པ་དང་། མིག་སྔར་ནད་ཡམས་དེ་འགོས་པའི་གནས་ཚུལ་བྱུང་མེད་ཅེས་བརྗོད་འདུག

པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ཟླ༥ བའི་ཚེས༢༨ ཉིན་གྱི་དགོང་མོ་ངོ་སྤྲོད་གནང་བར་གཞིགས་ན། ཕྱི་ཟླ༥ པའི་ཚེས་༢༨ཉིན་གྱི་སྔ་དྲོར། པེ་ཅིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་མཁན་གྱི་ཆམ་རིམས་འགོས་པའི་ནད་པའི་ཁྲོད་བྱ་རིགས་ཆམ་རིམས་འགོས་པའི་ནད་པ་གཅིག་རྙེད་ཡོད་པའི་སྙན་ཞུ་ཕུལ་ཡོད། ཕྱི་ཟླ་༥བའི་ཚེས་༢༨ ཉིན་གྱི་ཆུ་ཚོད་༡༦ ཐོག པེ་ཅིང་གྲོང་ཁྱེར་ནད་ཐོག་རིགས་གཅིག་མཁས་པའི་ཚོགས་ཆུང་གིས་ནད་པ་དེར་བྱ་རིགས་ཆམ་རིམས་འགོས་པའི་ནད་ཐག་ཆོད་ཡོད་པ་དང་། དེ་ནི་པེ་ཅིང་གྲོང་ཁྱེར་དུ་བྱུང་པའི་བྱ་རིགས་ཆམ་རིམས་འགོས་པའི་ནད་པ་གཉིས་པ་དེ་ཡིན་པ་རེད།  །