རྒྱ་ནག་གི་ལྕགས་ལམ་བློན་ཆེན་ཟུར་པར་སྲོག་ཁྲིམས།

2013_7_8_2

རྱ་ནག་ལྕགས་ལམ་ལས་ཁུངས་ཀྱི་བློན་ཆེན་ཟུར་པ་ལུའི་ཌི་ཅུན་ལ་ལྐོག་ཟ་རུལ་སུངས་དང་དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ཉེས་མིང་འོག  པེ་ཅིང་གྲོང་ཁྱེར་མི་མང་འབྲིང་རིམ་ཁྲིམས་ཁང་གཉིས་པས་ལོ་༢ ནར་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་པ་རེད།

 

དེའང་ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལྕགས་ལམ་ལས་ཁུངས་ཀྱི་བློན་ཆེན་ཟུར་པ་ལུའི་ཌི་ཅུན་ལ་ལྐོག་རྔན་ལེན་པ་དང་དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ཉེས་འཛུགས་བྱས་ཏེ་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཁྲིམས་བཅད་ཡོད་པ་རེད།

2013_7_8_2“རྒྱ་ནག་ལྕགས་ལམ་གྱི་པཱ་ལགས་”ཞེས་མཚན་སྙན་ཕུལ་མྱོང་བའི་ལུའི་ཌི་ཅུན་ལ་ཕྱི་ལོ་༡༩༨༦ ནས་༢༠༠༡ བར་དུ་ཉུང་མཐའ་ཡང་ཨ་སྒོར་ཁྲི་༡༠༠༠ གི་ལྐོག་རྔན་བླངས་ཏེ། མི་གཞན་གྱི་གོ་གནས་སྤར་བ་དང་གན་རྒྱ་འཇོག་པ་སོགས་ཀྱི་ཉེས་འཛུགས་ཀྱིས། ལུའི་ཌི་ཅུན་༢༠༡༢ ལོའི་ཕྱི་ཟླ་༢ པའི་ནང་གནས་དབྱུང་བཏང་ཡོད་པ་དང་། དེའི་རྗེས་སུ་དམར་ཤོག་ཚོགས་པའི་ཚོགས་མི་ནས་ཕྱིར་ཕུད་བྱས་ཡོད་པ་རེད།

ཁོང་གི་ཉེས་འཛུགས་ཡི་གེའི་ནང་དུ་འཁོད་པ་ལྟར་ན། རེས་གཟའ་ཟླ་བའི་ཉིན་ཁོང་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་མ་ཟད། ཁོང་གིས་“སྤྱི་མང་གི་རྒྱུ་ནོར་དང་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ལ་གྱོང་གུད་ཆེན་པོ་བཟོས་ཡོད་པ་རེད་”ཅེས་འཁོད་ཡོད་འདུག

ནམ་རྒྱུན་རྒྱ་ནག་གིས་ནར་འགྱངས་སྲོག་ཁྲིམས་ཀྱི་ཉེས་པ་དེ་ཚེ་བཙོན་དུ་བསྒྱུར་བཞིན་ཡོད་པ་རེད་འདུག