བཀའ་ཁྲི་མཆོག་གི་གསར་འགོད་གསལ་བསྒྲགས།

རྗེས་སུ་བརྟན་པོ་ག་འདྲ་ཆགས་མིན་སྐོར་དྲིས་པར། བཀའ་ཁྲི་མཆོག་གིས་སྤྱིར་བལ་ཡུལ་དེ་ཉིད་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང༌།སྔོན་མ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འབྲེལ་ལམ་གཏིང་ཟབ་པོ་ཡོད་པ་ཞིག་རེད། ད་ལྟ་བལ་ཡུལ་དུ་བོད་མི་ཁྲི་གཉིས་ཙམ་གནས་སྡོད་བྱེད་ཀྱི་ཡོད་རེད། ད་ལྟ་བར་དུ་གནས་བཟོད་བདེ་པོ་བྱུང་བ་དེར་བལ་ཡུལ་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བལ་ཡུལ་སྲིད་གཞུང་བརྟན་པོ་མེད་པའི་རྒྱུ་མཚན་ལ་བརྟེན་ནས་བོད་པ་ཚོར་དཀའ་ངལ་ཅུང་འཕྲད་ཀྱི་ཡོད་རེད། ཉིན་ཤས་སྔོན་ལ་བོད་པ་ཁ་ཤས་འཇུས་པའི་གནས་སྟངས་ཡང་བྱུང་བ་རེད། འོན་ཀྱང་སྔོན་མ་བཞིན་ཞི་བདེ་ལྷིང་འཇགས་ཡོང་བ་དང༌། དཀའ་ངལ་དེ་དག་ཆེན་པོ་མི་ཆགས་པའི་རེ་བ་ཡོད་ཅེས་གསུངས་སོང༌། གཞན་ཡང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་སྔར་བཞིན་དབུ་མའི་ལམ་དང་འཚེ་མེད་ཞི་བའི་ཐོག་ནས་ཤར་བསྐྱོད་བྱ་རྒྱུར་འགྱུར་བ་མེད་ཅེས་དང༌། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ལ་བརྟེན་ནས་བོད་གཞུང་གིས་ཉིན་རེ་བཞིན་རྒྱལ་སྤྱིའི་ནང་དང༌། བོད་པའི་སྤྱི་ཚོགས་ནང༌། རྒྱ་ནག་གི་སྤྱི་ཚོགས་ནང་བཅས་སུ་ལས་འགུལ་སྤེལ་ཡོད་རེད་ལ། སྤེལ་བཞིན་པ་རེད། མ་འོངས་པར་ཡང་ཉིན་རེ་ཉིན་རེའི་གནས་ཚུལ་ལ་བརྟེན་ནས་ལས་འགུལ་སྤེལ་གྱི་རེད། སྤྱིར་ང་ཚོས་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པའི་སྐུ་ཚེའི་རིང་ལ་བོད་ཀྱི་གནད་དོན་ཐག་ཆོད་པ་དང༌། བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་ཡིད་ཆེས་གཏིང་ཟབ་པོ་ཡོད། འོན་ཀྱང་བོད་མི་སྤྱི་ཡི་བསོད་ནམས་ལ་ཞེ་དྲག་རག་ལས་པ་ཞིག་རེད་ཅེས་གསུངས་སོང༌།།