ཨ་གསར་རྟ་ལས་མགྱོགས་པ།། གཞུག་གུ་ལུག་ལས་ཐུང་བ།།

རྒྱ་གར་ནང་གི་བོད་ཀྱི་རིག་གནས་མཁན་ཚོས་རྣམ་དཔྱོད་ཀྱི་རྩལ་ངོམས་དང་བགྲོ་གླེང་གནང་སའི་སྟི་གནས་ཤིག་ཏུ་གྱུར་ཡོད་མོད། ད་དུང་མི་སྒེར་སོ་སོར་མཐུན་རྐྱེན་གྱི་དབང་གིས་དེར་མཉམ་ཞུགས་བྱེད་མི་ནུས་མཁན་ཡང་མི་ཉུང་བ་ཞིག་ཡོད། མཉམ་ཞུགས་བྱེད་མཁན་ཚོའི་ཁྲོད་དུ་གནད་འཁེལ་བའི་གཏམ་གླེང་བྱེད་མི་ཐུབ་མཁན་ང་ལྟབུར་མང་པོ་ཡོད་ཅིང་། དོ་སྣང་གཅིག་པུ་བྱས་ཀྱང་སྒེར་སོ་སོར་ཁེ་ཕན་ཆེན་པོ་ཡོད་པ་སྨོས་མི་དགོས་པ་ཞིག་རེད། བོད་ཀྱི་བརྡ་དག་མི་ཉམས་དར་སྤེལ་བྱེད་པའི་བརྒྱུད་ལམ་འདི་ལྟབུར་བསྐྲུན་པར་གོང་ཞུའི་ལས་ཁུངས་གཉིས་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས།ཨ་གསར་རྟ་ལས་མགྱོགས།། གཞུག་གུ་ལུག་ལས་ཐུང་།། ཟེར་བ་འདིས་ཀྱང་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་བཟོ་ཡི་འདུག འདི་ལ་བརྟེན་ནས་ཐོག་མར་རྩོམ་ཡིག་གང་མང་སྤེལ་ཐུབ་ཀྱི་ཡོད་རུང་། དེ་ནས་རིམ་བཞིན་འཇའ་ཡལ་བ་ལྟ་བུའམ་ནང་ཁུལ་ཁ་བརྡུང་འབའ་ཞིག་གི་ལམ་དུ་སྐྱོད་ཀྱི་འདུག་པས་ས་མཆོག་ཙན་དན་སོལ་བར་བྱས་པའི་གཏམ་རྒྱུད་དེར་སླར་ཡང་བསམ་བློ་ཞིག་འཁོར་དགོས་པ་ཆགས་ཀྱི་འདུག