འཛིན་གྲྭ་བཅུ་པའི་ཡིག་ཚད་ཐེངས་44 ལ་ མ་འཕྲོད་པ།

རྒྱ་ གར་གྱི་མངའ་སྡེ་ཨུ་ཏར་པིར་སྡེ་ཤི་ནས་ཡིན་ཞིང་རང་ལོ་67་ལ་སོན་པའི་སྤོ་བོ་ཇཱ་ རྦར་ཧུས་སན་གྱི་ད་ལྟའི་ལས་ཀ་ཁྲོམ་གཞུང་དུ་ལྷམ་འཚེམ་མཁན་ཡིན་པ་དང༌། ཁོང་གིས་ཕྱི་ལོ་1965 ལོར་འཛིན་རིམ་བཅུ་པའི་ཡིག་ཚད་ཐེངས་དང་པོ་དེ་བཏང་པ་ནས།  ད་ལོ་2009 ལོར་ཁོང་གི་འཛིན་རིམ་བཅུ་པའི་ཡིག་ཚད་དེ་ཐེངས་44 པ་དེ་ཡིན་པ་རེད། ཁོང་སློབ་སྦྱོང་ལ་དོ་སྣང་ཆེ་དྲགས་པ་དང་ཡིག་ཚད་ཆེད་ཐེངས་མང་དུས་ཚོད་བཏང་པའི་རྐྱེན་གྱིས། བཟའ་ཟླས་ཁོང་ལ་ངོ་རྒོལ་བྱས་ཏེ་ཁ་གྱེས་དགོས་བྱུང་ཡོད་པ་རེད། གསར་འགོད་པས་ཁོང་ལ་བཟའ་ཟླ་དང་ཁ་གྱེས་དགོས་པའི་རྒྱུ་མཚན་དྲིས་སྐབས། ཁོས་ལག་གཉིས་སུ་ལྷམ་གོ་རེ་བཟུང་མཐར་འཁོར་དུ་བསིལ་ལྷམ་ཚོས་གཞི་འདྲ་མིན་གྱི་དཀྱིལ་དུ་བསྡད་ནས་འདི་ལྟར་བརྗོད་འདུག ཤེས་ཡོན་གྱིས་མི་རྣམས་དཔལ་འབྱོར་འདུ་འགོད་ཚད་ལྡན་བསྒྲུབ་པའི་ལམ་ཕྱོགས་སུ་འཇུག་ཐུབ་ངེས་རེད་ལ། དེ་བཞིན་མི་ལ་ཤེས་ཡོན་ཡོད་ན་རྒྱལ་ཁབ་ཀྱི་སྲིད་འཛིན་བྱེད་ཆོག  རྒྱུ་ མཚན་གང་ལ་བརྟེན་ནས་ང་དཔལ་འབྱོར་འདུ་འགོད་ཡག་པོ་བྱེད་མཁན་ཞིག་དང་ཡང་ན་སྲིད་ འཛིན་བྱེད་ཐུབ་ཀྱི་མ་རེད། ཡིན་ནའང་ངའི་སྙིང་ནས་བརྩེ་བའི་བཟའ་ཟླས་ང་ལ་གནད་དོན་དེའི་ཐད་བསམ་ཤེས་བྱས་མ་ སོང་ལ། ངེད་གཉིས་མཉམ་དུ་མི་ཚེ་བསྐྱལ་བའི་ལས་འཕྲོ་དེའང་ངའི་སློབ་སྦྱོང་གིས་མཇུག་ བསྡུས་བཅུག་སོང༌ཞེས་བརྗོད་འདུག  ད་ལྟ་ཁོང་ལ་ཡོད་པ་ནི་བུ་3 དང་བུ་མོ་2 ཚ་བོ་ཚ་མོ་8་ཡོད་པ་དང༌། ཁོང་གིས། ང་མ་ཤི་བར་སློབ་སྦྱོང་བྱེད་ངེས་ཡིན་ལ་ད་ལྟ་ངའི་དབྱིན་ཡིག་དང་ཚན་རིག་སྐྱོ་པོ་ཡིན་དེ་བཞིན་དག་ཆའི་ཐད་ལའང་དཀའ་ངལ་འདུག་  ཡིན་ ནའང་ངའི་ཚ་བོས་ད་ལོ་འཛིན་རིམ་10 པའི་ཡིག་ཚད་འཁྱོལ་འདུག་པས་ཁོས་ང་ལ་ལོ་རྗེས་མའི་ཡིག་ཚད་ཆེད་དུ་རོག་པ་བྱེད་ ངེས་རེད། 2010 ལོར་ངའི་འཛིན་རིམ་10 པའི་ཡིག་ཚད་ཐེངས་45 པ་དེ་ཚ་བོའི་རོགས་རམ་དང་ང་རང་གི་གྲ་སྒྲིག་གཉིས་ཀྱིས་ཡིག་ཚད་འཁྱོལ་ཐབས་བྱེད་ ངེས་ཡིན་ཞེས་བརྗོད་ཡོད་པ་རེད།