ཧི་གཟུགས་བཙོན་དུ་འཚུད་ཡོད་དམ།

གནད་དོན་དེའི་སྟབས་ཀྱི་དེང་སང་ཧི་གཟུགས་འདི་བ་ཚང་ཡང་། རྒྱ་གཞུང་གིས་གང་ཞིག་ན་བཀག་ཉར་བྱས་ཡོད་པའམ། ཡང་ན། གཏན་ནས་ཧི་གཟུགས་ཚང་ལ་སྐད་ཡིག་གི་རང་དབང་དེ་ཡང་མེད་མཁན་ཞིག་བཟོ་བཞིན་ཡོད་པ་མིན་འགྲོ་སྙམ་ན་དེ་བས་ཀྱང་སེམས་འཁུར་ཞིག་ཡོང་གི་འདུག་མཁན་ནི་ང་རང་གཅིག་བུ་མིན་པར་གཞིས་བྱེས་ཀྱི་རྩོམ་པ་པོ་དང་ཟིན་བྲིས་པ་མི་ཉུང་བ་ཞིག་ཆགས་ཡོད་པ་རེད། བྱེས་སུ་ཡོད་མཁན་ཞིག་ལ་མཚོན་ན་ནི་ཧི་གཟུགས་ཚང་ནི་རང་གི་ཕ་ཡུལ་ལྟ་བུ་ཞིག་ཆགས་ཡོད་པ་རེད། རྒྱུ་མཚན་ནི། ཧི་གཟུགས་ཚང་གི་མི་མང་ཤོས་ཤིག་ཕ་ཡུལ་དུ་བཞུགས་ཡོད་མཁན་ཤ་སྟག་ཡིན་པས་ཀྱང་ རེད་ཟེར་ནས་བཤད་ཆོག་པ་ཡིན།

ཧི་གཟུགས་ཚང་གིས་ཀྱང་མཚམས་འདིར་སླེབས་རྒྱུར་སེམས་འཁྲལ་གནང་སྟེ་ཐེངས་ཁ་ཤས་ཤིག་ལ་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་དང་ཟིན་བྲིས་པ་དག་ལ་ཧི་གཟུགས་ཚང་གི་དར་རྒུད་ལ་འགན་འཁུར་བྱེད་དགོས་པར་ཡང་ཡང་འབོད་སྐུལ་བྱས་མྱོང་ཡོད་པ་རེད། ཡིན་ཡང་། ང་ལྟ་བུ་ཁ་ཤས་ཤིག་གིས་ཁ་རྒྱག་པ་རྐྱང་རྐྱང་བཤད་པ་ལས་ཧི་གཟུགས་ཚང་གི་དར་རྒུད་ལ་སེམས་འཁུར་ལེན་ཐུབ་ཡོད་པ་མ་རེད། དེའི་སྟབས་ཀྱིས་གནས་ཚུལ་འདི་བྱུང་ཟིན་པ་རེད་ཟེར་ན་མ་འགྲིག་པ་མེད། ཕྱིས་སུ་ཧི་གཟུགས་ཚང་བཙོན་ལས་འབུད་རྒྱུ་ཞིག་ཡོད་པ་ཡིན་ན། དེ་དུས་འུ་ཅག་གིས་རང་གི་ཕ་ཡུལ་ལྟ་བུ་ཧི་གཟུགས་ཚང་གི་དར་རྒུད་ལ་སྲུང་སྐྱོབས་བྱེད་རྒྱུར་རེ་སྐུལ་ཡོད།