མོན་གྷོར་གསུམ་དུས་སྲུང་བརྩི།
ཆུ་ཚོད་༩ བྱེད་ཐོག་མོན་གྷོ་གཞིས་སྤྱིའི་ཚོགས་ཁང་དུ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་དབུ་འཛུགས་གནང་བ་དང། མཛད་སྒོའི་ཐོག་ས་འཐུས་ཚོགས་གཙོ་དང་འཐུས་མི་རྣམས་པ། ས་གནས་གཞིས་འགོ། གདན་ས་ཁག་དང་གཞིས་གྲོང་ཁག གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་ཀྱི་ལས་སྣེ་བ་རྣམས། གཞན་ཡང་སེར་སྐྱ་མི་མང་རྣམས་གཞིས་སྤྱིའི་ཚོགས་ཁང་དུ་མཉམ་འཛོམས་གནང་ནས་ཐོག་མར་དཔལ་དུས་ཀྱི་འཁོར་ལོའི་ཕོ་བྲང་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤྱན་རྒྱ་སྤོས་སྣེས་གདན་ཞུ་དང་འབྲེལ། རྟེན་གསུམ་མཇལ་དར་འདེགས་འབུལ་དང། དེ་ནས་རོལ་དབྱངས་དང་སྦྲགས་འཕགས་བོད་རྒྱལ་གླུ་གྲུབ་རྗེས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རྩ་ཆེའི་ཚེ་སྲོག་བློས་གཏོང་གནང་བའི་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་རྗེས་དྲན་ཆེད་སྐར་མ་༡ རིང་མྱ་ངན་ངག་བཅད་གནང་རྗེས། ས་གནས་གཞིས་འགོ་མཆོག་དང་ས་འཐུས་ཚོགས་གཙོ་རྣམས་གཉིས་ཀྱིས་༧གོང་ས་མཆོག་དང་བཀའ་ཤག་སྤྱི་འཐུས་བཅས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་གསུང་བཤད་གནང་རྗེས་ཕྱག་ཚོད་གཅིག་རིང་སེར་སྐྱ་མང་ཚོགས་ནས་མཆོག་གསུམ་ཐུགས་རྗེ་བསྐུལ་བའི་བདེན་གསོལ་སྨོན་ལམ་དང་༧རྒྱལ་བའི་ཞབས་བརྟན། མཎི། རྟ་མགྲིན་གཟུང་སྔགས། བྱང་ཆུབ་སེམས་མཆོག་བཅས་གསོགས་སྒྲུབས་གནང་ཡོད་རེད།
མོན་གྷོ་གསར་འགོད་པས།