གཞས་པ་བྷོབ་ཌེ་ལན་རྒྱ་ནག་གིས་བཀག་འགོག་བྱས་པ།

དེའི་རྒྱུ་མཚན་ནི་ཕྱི་ལོ་༢༠༠༨ ལོར་ཨ་སི་ལན་ཌིའི་གཞས་པ་ཞིག་གིས་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་བོད་སྐོར་གླུ་གཞས་བཏང་མྱོང་བས། རྒྱ་གཞུང་གིས་སླར་ཡང་དོན་རྐྱེན་དེ་འདྲ་མི་ཡོང་བའི་ཆེད་དུ་ཡིན་པ་རེད། གཞས་པ་བྷོབ་ཌེ་ལན་ནི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་སྟབས་དེ་སྔོན་རྒྱལ་ཁབ་གང་དུ་ཕྱིན་ཡང་དགའ་བསུ་ལས་བཀག་འགོག་བྱེད་མཁན་མེད་ཀྱང། རྒྱ་གཞུང་གིས་བཀག་འགོག་བྱས་པ་ནི་རྒྱལ་སྤྱིའི་ཐོག་ངོ་ཚ་དགོས་པ་ཞིག་ཆགས་ཡོད་པ་རེད།།