སེང་གེའི་རྒྱལ་གླུ།
སེང་གེའི་རྒྱལ་གླུ།
སེང་གེ་གངས་ལ་འཁོད་བྱུང་དགའ་བ་ལ།།
གཡུ་རལ་ལན་གསུམ་གསིག་བྱུང་སྐྱིད་པ་ལ།།
མཆེ་སྡེར་དགྲ་ལ་ངོམ། དཔའ་བོའི་གད་རྒྱངས་སྒྲོག
རྩལ་དྲུག་ལུས་ལ་རྫོགས་པ་ང་ཚོའི་བསོད་ནམས་རེད།
གདོང་ལྔ་ལུས་ལ་དོད་པ་ང་ཚོའི་རྒྱན་ཆ་རེད།
ཆིག་སྒྲིལ་གྱིས་དང་། གསར་གཏོད་བྱེད་ཆོག རང་ཁ་རང་གིས་གསོས་ནས་རང་ཡུལ་ཕྱོགས་ལ་ལོག་འགྲོ
སེང་གེ་ཁྲི་ལ་འཁོད་བྱུང་དགའ་བ་ལ།།
རྩ་དོན་ཁག་གསུམ་བཤད་བྱུང་སྐྱིད་པ་ལ།།
དཔའ་རྩལ་དགྲ་ལ་ངོམ། རྣམ་དཔྱོད་བོད་ལ་ཕྱུང་།
མཁས་པའི་གོ་སར་འཛེགས་པ་ང་ཚོའི་བསོད་ནམས་རེད།།
ཐབས་རྩལ་སྣ་དགུ་འཛོམས་པ་ང་ཚོའི་རྒྱན་ཆ་རེད།།
ཆིག་སྒྲིལ་གྱིས་དང་། གསར་གཏོད་བྱེད་ཆོག རང་ཁ་རང་གིས་གསོས་ནས་རང་ཡུལ་ཕྱོགས་ལ་ལོག་འགྲོ
༢༠༡༡་༤་༢༧ ཉིན་འཆམ་ར་དྲི་མེད་རྒྱལ་མཚན་གྱིས།