བོད་གཞུང་མང་ཛ་དྲག་ཚོགས་ཆུང་སྒོ་བརྒྱབ་པ།
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་འགན་ཁུར་མུ་མཐུད་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་ནས་བཞེས་བཞིན་ཡོད་ནའང༌། ཉེ་བའི་ཆར་བཀའ་ཤག་གིས་ཕྱི་རྒྱལ་དོན་གཅོད་ཁག་དང་ས་གནས་འགོ་འཛིན་ཁག་ལ་ཚོགས་ཆུང་ནས་ཕྱིར་འཐེན་དགོས་པའི་བཀའ་རྒྱ་བཏང་བར་བརྟེན་སྤྱི་འཐུས་རྒྱུན་ལས་ནས་ཕྱི་རྒྱལ་དོན་གཅོད་ཁག་དང་ས་གནས་འགོ་འཛིན་བཅས་ནས་མཉམ་རུབ་མེད་ཚེ་ནུས་པ་དང་ལྡན་པའི་ལས་འགུལ་གང་ཡང་སྤེལ་ཐབས་མེད་པ་དངོས་འབྲེལ་ལ་སོང༌། དབུས་ས་གཉིས་ཀྱི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་རྣམས་རེ་ཞིག་མཚམས་འཇོག་མི་བྱ་ཐུ་མེད་དུ་གྱུར་སོང་ཞེས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
རྒྱས་པར་གཟིགས།
བོད་དོན་རྒྱབ་སྐྱོར་བ་རྒྱ་གར་མི་རིགས་སྐུ་ཞབས་མཱ་ཧེ་ཤ་ཡ་རྡབ་ལགས་དང་ཁོང་གི་ ཕྱག་རོགས་བོད་དོན་རྒྱབ་སྐྱོར་བ་གཉིས་བཅས་ཀྱིས་རྒྱ་གར་ལོངས་ཤོག བོད་ལོངས་ཤོག་ཅེས་པའི་འབོད་ཚིག་འོག་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཆེས་ མང་པོའི་ནང་གོམ་བགྲོད་གནང་བཞིན་ཡོད་པ་དང༌། ལས་འགུལ་དེ་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ནས་རྒྱ་གར་མངའ་སྡེ་མཱར་ དྷེ་བྷར་དེ་ཤི་ནས་འགོ་འཛུགས་ཀྱིས་རྒྱ་གར་གྱི་བདེ་འཇགས་ཆེད་དང༌། བོད་དོན་བདེན་མཐའ་སེལ་ཐབས་སུ་བཅས་ཀྱི་ཆེད་དུ་ཡིན་པ་རེད། 
ཟླ་འདིའི་ཚེས་༡༧ ཉིན་ལྷོ་ཕྱོགས་མོན་གྷོ་གཏན་སློབ་ཀྱི་གོ་སྒྲིག་འོག་སློབ་ཕྲུག་རྣམས་ཀྱིས་རྩེད་ཐང་དུ་རུ་བསྒྲིགས་དང་གླིང་བུ་རོལ་མོའི་སྒྲ་དབྱངས་དང་བཅས་རྩེད་འགྲན་དབུ་འཛུགས་གནང་སོང༌། བོད་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཏང་སྟེ་སློབ་ཕྲུག་ཆུང་བའི་སྡེ་ཚན་ནས་རྩེད་མོའི་བསྟོད་དབྱངས་ཀྱི་མཉམ་གཞས་བཏང་བ་དང༌། དེ་རྗེས་སློབ་གྲྭའི་ཁང་ཚན། ཁྲི་སྲོང༌། པདྨ།