བོད།

གྲྭ་པ་དགུ་བཙོན་འཇུག་དང་གཅིག་རང་ཤི།

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ལྷོ་ཁ་མི་མང་ཁྲིམས་ཞིབ་ཁང་ཟེར་བའི་ཁྲིམས་བཤེར་འོག་ལོ་སྔོན་མ་གསུམ་བཅུའི་དུས་དྲན་སྐབས་སུ་ངོ་རྒོལ་ལས་འགུལ་ནང་འཛུལ་ཞུགས་བྱས་པའི་ཉེས་མིང་འོག་ལྷོ་ཁ་ས་གནས་སུ་གྲྭ་པ་༩ ལ་བཙོན་འཇུག་གི་ཁྲིམས་ཆད་ལོ་གྲངས་༢ ནས་༡༥ བར་བཅད་ཡོད་པ་དང༌། དེའི་ནང་བསམ་ཡས་དགོན་དུ་དཔེ་ཁྲིད་གནང་བཞིན་ཡོད་པའི་གྲྭ་པ་གཅིག་རང་ཤི་བརྒྱབ་ཡོད་པ་རེད།  ཁོང་གིས་ཞལ་ཆེམས་ཤིག་བཞག་ཡོད་པའི་ནང་རང་ཤི་བརྒྱབ་པ་ནི་ངོ་རྒོལ་གྱི་འོས་འགན་ཁྱེར་བ་ཞིག་ཡིན་ཞེས་བཀོད་ཡོད་འདུག དེ་མིན་གྲྭ་བསྟན་འཛིན་བུ་ཆུང་ལ་ཁྲིམས་ཆད་ལོ་༡༥ དང་བསྟན་འཛིན་བཟོད་པ་ལ་ལོ་༡༣།

རྒྱས་པར་གཟིགས།

ཨ་མདོ་བླ་བྲང་ཁུལ་དུ་དམག་གིས་དམ་དྲག

    གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་ཨ་མདོ་བླ་བྲང་ཁུལ་དུ་དམག་དཔུང་ཕོན་ཆེན་འགྲེམས་འཇོག་གིས་དྲག་གནོན་མུ་མཐུད་བྱེད་རྒྱུར་གྲ་སྒྲིག་དང༌། དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

རྒྱས་པར་གཟིགས།

ྋགོང་ས་མཆོག་ལ་མཚན་སྨོད་བྱེད་བཅུག་པར་ངོ་རྒོལ།

  ཁམས་འབའ་ཐང་རྫོང་དུ་རྒྱ་ནག་གཞུང་གི་གོ་སྒྲིག་འོག་ྋགོང་ས་མཆོག་ལ་སྐྱོན་བརྗོད་དགོས་པའི་ལས་འགུལ་སྤེལ་བར་མང་ཚོགས་ནས་ངོ་རྒོལ་བྱས་ཡོད་པ་རེད།
    འདི་ག་གསར་ཁང་དུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་དོན། ཁ་སྔོན་ཉིན་གསུམ་གྱི་སྔོན་དུ། འབའ་ཐང་རྫོང་གི་ལས་བྱེད་༢༠ ལྷག་ལས་གྲུབ་པའི་ལས་དོན་ཚོགས་ཆུང་ཞིག་སྤོ་ཁུག་ཤང་དུ་སླེབས་ནས་མི་མང་ཚོགས་འདུའི་ཐོག ཏཱ་ལའི་བླ་མ་ནི་མེས་རྒྱལ་ཁ་བྲལ་གཏོང་མཁན་དང༌། རྒྱལ་ཁབ་ལ་ཁ་གཏད་གཅོག་མཁན་གྱི་དགྲ་བོ་ཡིན་སྟབས། ཚང་མས་ཁོ་ལ་སྐྱོན་བརྗོད་དགག་རྒྱག་དགོས་ལུགས་དང༌། གུང་ཁྲན་ཏང་ནི་ཁྱེད་ཚོར་དྲིན་ཆེན་པོ་ཡིན་པ་དང༌། ཁྱོད་ཚོས་ཏང་གི་བཀའ་སྲུང་ཅི་སྒྲུབ་ཞུས་ན་

རྒྱས་པར་གཟིགས།

མི་ཉག་ཁུལ་དུ་ལྷ་མི་ཡོངས་ཀྱིས་ལོ་གསར་བཏང་མེད།

ད་ལོ་རྒྱ་ནག་གི་བཙན་སྐུལ་དང་གནོན་ཤུགས་དྲག་པོའི་འོག་ཤོར་བ་རེ་འགའ་མ་གཏོགས་བོད་ས་ཡོངས་ནས་ལོ་གསར་གཏོང་གི་མེད་པ་དང༌། དེ་བཞིན་དཔྱིད་གསར་དུས་ཆེན་སྐབས་དང་བསྟུན་ནས་ལོ་གསར་གཏོང་སྲོལ་ཡོད་མཁན་ཚོས་ཀྱང་ལོ་གསར་སྤྲོ་སྐྱིད་བཏང་མེད་པ་མ་ཟད། ནམ་རྒྱུན་ལོ་གསར་དང་བསྟུན་ནས་མི་རབས་མི་རྒྱུད་ནས་བརྟེན་པའི་ཡུལ་ལྷ་གཞི་བདག་ལ་མཆོད་གསོལ་བྱེད་སྲོལ་ཡོད་པ་ཡང་བྱས་མེད་པ་རེད་ཅེས་མདོ་ཁམས་ཉགས་ཕྲན་གྱི་ཡུལ་མི་ཞིག་གིས་ཁ་པར་བརྒྱུད་གནས་ཚུལ་འགྲེལ་བརྗོད་གནང་སོང༌།

རྒྱས་པར་གཟིགས།

ལི་ཐང་དུ་ཡི་གེ་སྦྱར་འགྲེམས།

ཟླ་འདིའི་ཚེས་ ༦ ཉིན་འདི་གར་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར་ན། ཁམས་ལི་ཐང་ཁུལ་དུ་ཡི་གེ་སྦྱར་འགྲེམས་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང༌། སྦྱར་ཡིག་དེ་དག་གི་ནང་དུ་འཁོད་དོན། ལོ་སྔོན་མ་གསུམ་བཅུའི་དུས་དྲན་གྱི་ཡོ་ལངས་ཆེན་པོའི་སྐབས་བོད་དུ་མི་མང་པོའི་གཅེས་སྲོག་ཤོར་ཡོད་པས། ད་ལོ་ཚང་མས་མྱ་ངན་བྱེད་དགོས་པ་ལས་ལོ་གསར་ཡིན་ཟེར་ནས་གླུ་ལེན་གར་འཁྲབ་དང༌། རྒྱན་འདོགས་རྟེན་འབྲེལ་སོགས་ཀྱི་གྲ་སྒྲིག་བྱས་ན། སྐུ་གཤེགས་དཔའ་བོ་དཔའ་མོ་ཚོའི་ཚེ་སྲོག་བཏང་ཡོད་པ་ལ་གུས་ཞབས་མེད་པ་ཆགས་ཀྱི་རེད་ཟེར་བ་སོགས་ཀྱི་ཡི་གེ་སྦྱར་འགྲེམས་བྱས་ཡོད་འདུག

རྒྱས་པར་གཟིགས།

གཞས་དེ་གཏོང་མཁན་བཀྲ་ཤིས་དོན་གྲུབ་རེད་ཟེར།

སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ་དང་སྤྱི་ལོ་ཉིས་སྟོང་བརྒྱད་ལོ། ཞེས་པའི་གཞས་དེ་སོག་ཕྲུག་ཤེས་རབ་ལགས་ཀྱིས་བཏང་བ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སླེབས་ཡོད་ནའང༌། གཞས་དེ་གཏོང་མཁན་རྨ་ལྷོ་སོག་རྫོང་ནས་ཡིན་པ་བཀྲ་ཤིས་དོན་གྲུབ་རེད། ཁོང་ཡང་འཇུ་བཟུང་བྱེད་མྱོང་བ་རེད་ཅེས་ཁོང་གི་ཕ་ཡུལ་གཅིག་པ་ཞིག་གིས་འདི་གར་འགྲེལ་བརྗོད་་གནང་སོང༌།

2008 ཕྱི་ཟླ་ 12 པའི་ནང་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་ནས་ཡིན་པའི་གླུ་བ་སོག་ཕྲུག་ཤེས་རབ་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་གཉར་བྱས་ཡོད་འདུག དེ་ནི་སོག་ཕྲུག་ཤེས་རབ་ལགས་ཀྱིས་སྒྲ་སྙན་རྡུང་ལེན་གྱི་འོད་སྡེར་ཞིག་འདོན་སྤེལ་བྱས་ཡོད་པ་དང༌།

རྒྱས་པར་གཟིགས།

གླུ་བ་སོག་ཕྲུག་ཤེས་རབ་ལགས་འཇུ་བཟུང༌།

གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། 2008 ཕྱི་ཟླ་ 12 པའི་ ནང་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་ནས་ཡིན་པའི་གླུ་བ་སོག་ཕྲུག་ཤེས་རབ་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དེ་ནི་སོག་ཕྲུག་ཤེས་རབ་ལགས་ཀྱིས་སྒྲ་སྙན་རྡུང་ལེན་གྱི་འོད་སྡེར་ཞིག་འདོན་སྤེལ་བྱས་ཡོད་པ་དང༌། འོད་སྡེར་དེའི་ནང༌། ལྔ་བཅུ་ང་བརྒྱད་ལོ་དང་ཉིས་སྟོང་བརྒྱད་ལོ། ཞེས་པ་སོགས་བོད་མིའི་སྐྱིད་སྡུག་དང་འབྲེལ་བའི་དངོས་ཡོད་གནས་སྟངས་མང་པོ་ཞིག་གཞས་ཚིག་གི་ལམ་ནས་གསལ་སྟོན་བྱས་ཡོད་སྟབས། རྒྱ་གཞུང་གིས་སོག་ཕྲུག་ཤེས་རབ་ལགས་འཛིན་བཟུང་བཀག་ཉར་དང༌། འོད་སྡེར་རྣམས་འགྲེམས་སྤེལ་བྱེད་དུ་མ་བཅུག་པར་གཞུང་བཞེས་བཏང་ཡོད་འདུག

རྒྱས་པར་གཟིགས།

ལོ་གསར་བཀག་འགོག་བྱས་པའི་ཉེས་མིང་འོག་འཇུ་བཟུང༌།

ཟླ་འདིའི་ཚེས་༢ ཉིན་ནང་ཆེན་རྫོང་རྐ་གཞུང་ས་གནས་ཀྱི་བཀྲ་ཤིས་དགོན་པའི་གྲྭ་དགའ་དབང་ལགས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང༌། ཁོང་ལ་ལོ་གསར་སྤྲོ་སྐྱིད་གཏོང་རྒྱུར་བཀག་འགོག་བྱས་པའི་ཉེས་མིང་བཙུགས་ཡོད་འདུག ཁོང་འཇུ་བཟུང་སྐབས་རྡུང་རྡེག་ཚད་མེད་བཏང་སྟེ་འདྲི་རྩད་བྱས་ཡོད་ནའང་ཁོང་གིས་ལོ་གསར་སྤྲོ་སྐྱིད་གཏོང་རྒྱུར་བཀག་འགོག་བྱས་པ་ངོས་ལེན་བྱས་མི་འདུག ཉེ་སྔོན་ནས་བོད་ཀྱི་ས་གནས་སྤྱི་མཚུངས་བཞིན་༢༠༠༨ ལོར་རྒྱ་ནག་གཞུང་གིས་བོད་ལ་དྲག་གནོན་ཚད་མེད་བཏང་ནས་བོད་མི་མང་པོ་དམར་གསོད་དང༌། རྡུང་རྡེག་བཙོན་འཇུག་བྱས་པར་བརྟེན། འདི་ལོར་ལོ་གསར་སྤྲོ་སྐྱིད་གཏོང་རྒྱུ་མེད་སྐོར་གྱི་ཡིག་ཆ་ནང་ཆེན་རྫོང་ཐོག་ཏུ་བཀྲམ་ཡོད་པ་དང༌། གྲྭ་དགའ་དབང་དང་ཁོང་གི་རོགས་པ་གསུམ་ལ་ཡིག་ཆ་བཀྲམ་མཁན་གྱི་དོགས་གཞིའི་འོག་འདྲི་རྩད་བྱས་ཡོད་འདུག ད་ལྟ་དགའ་དབང་ལགས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་མི་འདུག་ཅེས་འབྲེལ་ཡོད་ཀྱིས་འདི་གར་འགྲེལ་བརྗོད་གནང་སོང༌།

རྒྱས་པར་གཟིགས།

དགེ་འདུན་པ་འཇུ་བཟུང༌དང་མི་མང་གི་དཀའ་ངལ།

ཕྱི་ཟླ་༡ ཚེས་༥ ཉིན་ཁམས་སྡེ་དགེ་ལྡན་ཆོས་འཁོར་དགོན་པའི་ཉེ་འཁྲིས་ཆོས་འཁོར་ཤང་ནང་དུ་འབར་རྫས་དོན་རྐྱེན་བྱུང་བ་དང༌། ཚེས་༡༠ ཉིན་མི་མང་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱུང་བ་སོགས་ལ་བརྟེན། ཕྱི་ཚེས་༡༢ ནས་བཟུང་རྒྱ་གཞུང་གིས་ཆབ་མདོ་དང་འཇོ་མདའ་རྫོང་སོགས་ནས་དྲག་ཆས་ཉེན་རྟོག་པ་དང་དམག་དཔུང་ཕོན་ཆེན་བཏང་ནས། དེང་སྐབས་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་རྣམས་འཛིན་བཟུང་དང་རྡུང་རྡེག་བཏང་ནས་དཀའ་ངལ་ཁྲོད་གནས་བཞིན་ཡོད་འདུག དགོན་པའི་ལས་སྣེ་བ་མང་པོ་འཇུ་བཟུང་བྱས་པ་དང༌། གཞས་སྣ་འཁྲབ་སྟོན་པ་ཚོ་ལ་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་ལྷ་སར་ལོ་སར་སྤྲོ་སྐྱིད་ཆེད་འགྲོ་དགོས་སྐོར་བརྗོད་ཡོད་འདུག
    གོང་ཚེས་ཉིན་འབར་རྫས་གཡུག་མཁན་སུ་ཡིན་མིན་ཁོང་ཚོས་ཤེས་རྟོགས་གང་ཡང་བྱུང་མེད་ནའང༌། ནག་ཉེས་དགོན་པའི་དགེ་འདུན་པ་རྣམས་ལ་འོལ་ཚོད་ཀྱིས་བཀལ་ཏེ་དེང་སྐབས་དགེ་འདུན་པ་ཕན་ཚུན་འགྲོ་བསྐྱོད་མི་ཆོག་པ་མ་ཟད། དུས་ཚོད་ངེས་མེད་ལ་དམག་དཔུང་དང་དྲག་ཆས་ཉེན་རྟོག་པ་ཟུང་འབྲེལ་ཐོག་གྲྭ་ཤག་ནང་དུ་ཡོང་ནས་དགེ་འདུན་པ་གཉིས་གསུམ་རེ་བྱས་ནས་ཤང་གི་ལས་ཁུངས་སུ་བཙན་འཁྲིད་ཐོག་དྲི་བ་འདྲ་མིན་འདྲི་བ་དང༌།

རྒྱས་པར་གཟིགས།

ཞི་རྒོལ་བ་ཁག་ཅིག་ལ་ཁྲིམས་ཆད།

ཟླ་འདིའི་ཚེས་༢ དང་༣ ལ་གནས་ཚུལ་འབྱོར་བ་ལྟར་ན། ཁམས་ཏྲེ་ཧོར་ཁུལ་གྱི་ཞི་རྒོལ་བ་བཙུན་མ་གསུམ་དང༌། མི་སྐྱ་གསུམ་བཅས་ལ་ཉེ་ཆར་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་ཡོད་པ་དང༌། དེ་ཡང་དཀར་མཛེས་མཐའ་མེད་གྲོང་ནས་ཡིན་པ་ཕ་བསམ་བདག་དང༌། མ་དཔའ་མོ་གཉིས་ཀྱི་བུ་ལུང་ལུང་བསོད་ནམས་ནས་༢༠༠༨ ཟླ་༥ ཚེས་༡༧ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་པ་དང༌། ཕྱི་ཟླ་༡ པོའི་ནང་ལོ་༣ གྱི་ཁྲིམས་ཐག་བཅད་ཡོད་འདུག དཀར་མཛེས་དབྱར་ཁག་གྲོང་ནས་ཡིན་པ་ཕ་ཆོས་དབང་རྒྱ་མཚོ་དང༌། མ་རིག་དགའ་གཉིས་ཀྱི་བུ་མོ་རང་ལོ་༢༧ ཅན་བཙུན་མ་སྤོས་དབང་དང༌། ཕ་ཀུན་དགའ་ཆོས་རྒྱན་དང༌། མ་དམར་དམར་གཉིས་ཀྱི་བུ་མོ་རང་ལོ་༣༡ ཡིན་པ་བཙུན་མ་དབྱངས་འཛོམས།

རྒྱས་པར་གཟིགས།