བོད།

གནས་སྐོར་བ་གྲྭ་པ་གཉིས་འཛིན་བཟུང༌།

ཕ་ཡུལ་ལི་ཐང་གཡོན་རུ་ནས་ཡིན་པའི་གྲྭ་བློ་ཚེ་དང༌། ལི་ཐང་ཨོ་ཐོག་ནས་ཡིན་པའི་གྲྭ་སྤྲང་མ་དོན་གྲུབ་གཉིས་ཀྱིས་ཐོངས་མཆན་ལག་ཁྱེར་བླངས་ནས་བལ་ཡུལ་དང་རྒྱ་གར་དུ་གནས་སྐོར་བྱས་ཏེ། ཕྱི་ཟླ་༡ པོའི་ཚེས་༢༠ ཉིན་ཕྱིར་ལོག་སྐབས་བལ་བོད་ས་མཚམས་སུ་རྒྱ་མིའི་དམག་གིས་སྔོག་བཤེར་བྱས་ནས་ཅ་ལག་མཉམ་དུ་ྋགོང་ས་མཆོག་གི་སྐུ་པར་དང་ན་ནིང་ལི་ཐང་བས་ྋགོང་ས་མཆོག་ལ་བརྟན་བཞུགས་འབུལ་བའི་བརྙན་འཁོར་སོགས་ཡོད་པ་ཕྲོགས་རྗེས། ཅ་ལག་ཞིབ་བཤེར་བྱེད་སྐབས་ཉེ་ཆར་བོད་གཞུང་གིས་རྒྱ་ནག་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡི་གེ་ཁྱེར་ཡོད་པར་བརྟེན། གྲྭ་པ་གཉིས་པོ་འཛིན་བཟུང་བྱས་ཡོད་འདུག ཡིག་ཆ་དེ་ནི་ད་ལྟའི་བར་རྒྱ་མི་མཉམ་དུ་སྐད་ཆ་བཤད་བསྡད་ཡོད་པའི་གནས་ཚུལ་ཁོ་ན་ལས་དེབ་དེ་ཁྱེར་བ་ཉེས་ཅན་པར་བརྩི་དགོས་པའི་གནད་དོན་གང་ཡང་མེད་ནའང་ཁོང་གཉིས་འཛིན་བཟུང་བྱས་ཡོད་འདུག

རྒྱས་པར་གཟིགས།

ཚ་བ་དཔའ་ཤོད་དུ་རྒྱ་རྒོལ།

རྣམ་རྒྱལ་ཚེ་རིང་ལགས་ཀྱིས་གནས་ཚུ་མཁོ་སྤྲོད་གནང་བ་ལྟར་ན། བོད་ལྗོངས་ཆབ་མདོ་ས་ཁུལ་ཚ་བ་དཔའ་ཤོད་རྫོང་བོད་མང་ཤང་སྤུ་ཡུལ་ཁ་སྟོད་གྲོང་གྲྭ་བཀྲིས་ཕུན་ཚོགས། རང་ལོ་༡༦ ཅན་དང༌། དཔག་གཤོད་རྫོང་བོད་མང་ཤང་ཤེས་པ་གྲོང་གྲྭ་བློ་བཟང་རྒྱལ་མཚན། རང་ལོ་༢༡ ཡིན་པ་ཁོང་གཉིས་ཚ་སྟོད་གནས་རྭ་དགོན་གསར་གྱི་གྲྭ་ཡིན་པ་དང༌། ཁོང་གཉིས་ཀྱིས་ཕྱི་ལོ་༢༠༠༩ ཟླ་༡ ཚེས་༢༩ ཉིན་གྱི་དགོང་མོ་ཚོུད་༨ གཡས་གཡོན་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པ་དང༌། ཁོང་གཉིས་བཙོན་འཇུག་བྱས་ཡོད་འདུག    སྐབས་དེར་བོད་རང་བཙན་དང་བོད་མི་ཚང་མ་ལོངས་ཤོག ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་ཆོས་དད་རང་མོས་དགོས། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་མཚམས་འཇོག་བྱེད་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་ཞེས་སྐད་འབོད་བྱས་ཡོད་འདུགམ་ཟད་ཤེལ་སྒོ་ཞིག་ལག་ཏུ་ཁྱེར་ཡོད་པ་དང་འདིའི་ནང་དོན་གང་ཡོད་ཤེས་རྟོགས་གསལ་པོ་བྱུང་མི་འདུག ཁོང་རྣམ་གཉིས་ལ་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་རྡུང་རྡེག་དྲག་པོ་བཏང་སྟེ་འཇུ་བཟུང་བྱས་རྗེས་དཔའ་ཤོད་བཙོན་ཁང་དུ་བཅུག་ཡོད་འདུག

རྒྱས་པར་གཟིགས།

དཀར་མཛེས་རྫོང་དུ་ཞི་རྒོལ་བར་ཁྲིམས་ཆད།

ཉེ་ཆར་དཀར་མཛེས་དགོན་གྱི་དགེ་འདུན་པ་ངག་དབང་ལྷུན་གྲུབ་དང༌། དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་པདྨ་ལྷ་མོ་གཉིས་ལ་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་ཡོད་པ་རེད།
    དཀར་མཛེས་དགོན་གྱི་གྲྭ་ངག་དབང་ལྷུན་གྲུབ་ནི་དཀར་མཛེས་མདའ་མདོ་ཤང་མདའ་མདོ་གྲོང་ནས་ཡིན་པ་དང༌། ཕ་ཚེ་འདས་སངས་རྒྱས་དབང་ཕྱུག་དང༌། མ་ཡར་སྐོང་གཉིས་ཀྱི་བུ་ད་ལྟ་རང་ལོ་༢༩ ཡིན་པ་རེད། ཁོང་གིས་་༢༠༠༨ ལོའི་ཕྱི་ཟླ་ ༦ ཚེས་ ༩ ཉིན་རོགས་དགོན་དེའི་གྲྭ་སྐལ་ཉི་མ་དང་ལྷན་དུ་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བཙོན་འཇུག་བྱས་པ་ཞིག་རེད། ༢༠༠༩ ཟླ་བ་དང་པོའི་ནང་དུ་ངག་དབང་ལྷུན་འགྲུབ་ལ་ལོ་བཞིའི་ཁྲིམས་ཆད་བཏང་ཡོད་འདུག

རྒྱས་པར་གཟིགས།

གནས་ཚུལ་རྫུན་བཟོ་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་༢༠༠༩ ཟླ་༡ ནང་བོད་ཀྱི་ས་ཆ་རྭ་སྒྲེང་ཕོ་མདོ་ཁུལ་དང༌། ཅོམ་མདོ། རྫ་ར་བཅས་ཀྱི་བོད་མིའི་སྡོད་ཁང་ཡོངས་རྫོགས་བཙན་དབང་འོག་ལྷ་སའི་ཉེ་འགྲམ་རྡོག་སྡེ་དང༌། མལ་གྲོ་གུང་དཀར་བཅས་སུ་མ་འདོད་བཞིན་སྤོ་རུ་བཅུག་ཏེ། མང་ཚོགས་རྣམས་ལ་ཧ་ཅང་དཀའ་ངལ་འཕྲད་བཞིན་པ་རེད་འདུག རྒྱ་དམར་གྱི་ས་ཆ་དེར་ཆུ་མཛོད་ཆེན་པོ་ཞིག་དང༌། གློག་ཁང་རྒྱག་རྒྱུར་ཁ་གཡར་ཡོད་པ་རེད་འདུག གནས་ཚུལ་མཁོ་འདོན་པས་བརྗོད་དོན་ནི། རྒྱ་དམར་གཞུང་གི་གཙོ་བོའི་དམིགས་ཡུལ་ནི་རྒྱ་མི་འཕོན་ཆེན་གནས་དེར་སྤོ་འཆར་ཡོད་པ་རེད་འདུག དེ་བཞིན་ལྷ་ས་ཚེ་དཔག་ལྷ་ཁང་གི་གྲྭ་པ་ན་གཞོན་གཉིས་ཟླ་འདིའི་ནང་རྒྱ་དམག་གིས་བཙན་ཁྲིད་བྱས་ནས་ད་ལྟ་གར་སོང་ཆ་མེད་ཀྱི་གནས་སུ་ལྷུངས་ཡོད་པ་རེད་འདུག དམིགས་བསལ་གནས་ཚུལ་གཞན་ཞིག་གི་ལྷ་ས་ཁྲེན་ཀོན་ཅུད་ཀྱི་གད་པ་མི་ལྔས་སླ་ལོའི་གསུམ་བཅུའི་དུས་དྲན་སྐབས་སྐད་འབོད་ནང་འཛུལ་ཞུགས་བྱས་ཡོད་པའི་ཁུལ་བྱས་ཏེ། རྒྱ་གཞུང་གི་གསལ་ལམ་ཁག་ཏུ་ངོས་ལེན་རྫུན་མ་བྱས་ཏེ་ཁྱབ་བསྒྲགས་བྱས་ཡོད།

རྒྱས་པར་གཟིགས།

ལོ་སར་ཉིན་གྱི་མྱ་ངན།

ཟླ་འདིའི་ཚེས་༥ ཉིན་ནི་རྒྱ་ནག་གི་དཔྱིད་གསར་དུས་ཆེན་དང༌། ཨ་མདོའི་ལོ་སར་ལ་ཁེལ་ཡོད་ནའང༌། ཨ་མདོ་རྔ་པ་དང༌། མགོ་ལོག་གི་ས་གནས་ཁག་ཅིག་སོགས་ས་གནས་མང་པོ་ཞིག་ནས་རྣམ་ཀུན་ལྟར་གྱི་ལོ་སར་སྤྲོ་སྐྱིད་བཏང་མེད་པ་རེད། དེ་ནི་འདི་ལོར་རྒྱའི་བཙན་གནོན་འོག་ནས་བོད་མི་འདས་གྲོངས་སུ་སོང་བ་རྣམས་ལ་མྱ་ངན་གུས་འདུད་ཞུ་ཆེད་དུ་ཡིན་འདུག།

རྒྱས་པར་གཟིགས།

དཀར་མཛེས་སུ་བོད་མིར་ཁྲིམས་ཆད།

ཉེ་ཆར་དཀར་མཛེས་དགོན་གྱི་དགེ་འདུན་པ་གསུམ་དང་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་གཅིག་བཅས་ལ་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་ཡོད་པ་དང༌། དཀར་མཛེས་གསེར་ཆུ་སྟེང་ནས་ཡིན་པ་དཔལ་ལྡན་ཚུལ་ཁྲིམས་ལ་ཁྲིམས་ཆད་ལོ་༤ དང༌། དཀར་མཛེས་གསེར་ཆུ་སྟེང་ཤང་འབུམ་ཁྱི་གྲོང་ནས་ཡིན་པ་རང་ལོ་༡༧ ཅན་གྲྭ་བློ་བཟང་བསྟན་པ་ལ་ཁྲིམས་ཆད་ལོ་༥ དཀར་མཛེས་ཐིང་ཁ་ཤང་ལམ་གོང་གྲོང་ནས་ཡིན་པ་རང་ལོ་༡༨ ཅན་བློ་བཟང་ཆོས་རྒྱན་ལ་ཁྲིམས་ཆད་ལོ་༥ རིང་བཙོན་འཇུག་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

བོད་མི་ཞིག་རྡུང་རྡེག་ཁྲོད་འདས་གྲོངས།

ཚ་བ་མཛོ་སྒང་དུ་རྒྱ་རྒོལ་བྱས་པའི་གནས་ཚུལ་ཁ་སྣོན།
ཟླ་འདིའི་ཚེས་༢༠ ཉིན་བོད་མི་གཞོན་སྐྱེས་ཁག་ཅིག་གིས་ཚ་བ་མཛོ་སྒང་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། གཞུང་གི་ཉེན་རྟོག་པས་ཁོང་ཚོར་རྡུང་རྡེག་ཚད་མེད་བཏང་བ་དང་འཇུ་བཟུང་བྱས་ཡོད་པ་རེད། ཚེས་༢༣ ཉིན་ངོ་རྒོལ་བྱེད་མཁན་ཚེ་དཔག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པར་བརྟེན། རྫོང་སྨན་ཁང་ནས་སྨན་བཅོས་བྱེད་མ་ཐུབ་པར་ཆབ་མདོའི་སྨན་ཁང་དུ་ཁྲིད་རྗེས་འདས་གྲོངས་སུ་སོང་ཡོད་འདུག ཁོང་ལ་རྡུང་རྡེག་སྐབས་ནང་ཁྲོལ་ལ་གནོད་སྐྱོན་ཕོག་སྟེ། སྨན་བཅོས་བྱེད་མ་ཐུབ་པ་ཡིན་པ་དང༌། ཕུང་པོ་བརྟག་དཔྱད་གང་ཡང་བྱེད་མ་བཅུག་པར་མེར་བསྲེག་བཏང་ཡོད་འདུག འཇུ་བཟུང་སྐབས་ཁོང་གིས་ངོ་རྒོལ་ལས་འགུལ་སྤེལ་མཁན་གཙོ་བོ་ཁོང་ཡིན་སྐོར་དང༌།

རྒྱས་པར་གཟིགས།

ཚ་བ་མཛོ་སྒང་དུ་རྒྱ་རྒོལ།

ཟླ་འདིའི་ཚེས་ ༢༠ ཉིན་ཕྱི་དྲོ་ཆུ་ཚོད་ ༣།༤ ཙམ་ལ་བོད་ལྗོངས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་དུ་བོད་མི་གཞོན་སྐྱེས་གསུམ་གྱིས་བོད་རང་བཙན་གྱི་སྐད་འབོད་དང༌། བོད་ཀྱི་རྒྱལ་དར་དང༌། བོད་རང་བཙན་འཁོད་པའི་འཕྲེད་དར་འཕྱར་ནས་མཛོ་སྒང་གྲོང་ནས་རྫོང་གི་ཁྲོམ་གཞུང་དུ་སྐར་མ་ ༤༠ ཙམ་གྱི་རིང་ངོ་རྒོལ་བྱས་ཡོད་པ་རེད། གོམ་བགྲོད་ཀྱིས་རྫོང་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་མ་སླེབས་ཙམ་ལ་ཉེན་རྟོག་པ་ ༤༠ ཙམ་ཡོང་ནས་ཁོང་རྣམས་འཕྲལ་དུ་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་སྟེ་ཤི་མིན་རོ་མིན་དུ་བཟོས་ཡོད་འདུག  སྐབས་དེར་བུ་མོ་བདེ་ཆེན་སྒྲོལ་མ་ཞེས་པ་ཞིག་ཀྱང་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་གནས་འདུག

རྒྱས་པར་གཟིགས།

རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཞིག་འཛིན་བཟུང༌།

 ༢༠༠༨ ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ནས་ད་ལྟ་བར་དུ་བོད་ནང་གི་ས་གནས་གང་སར་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ལ། རྒྱ་ནག་གཞུང་གིས་ལུགས་མཐུན་མིན་པའི་བོད་མི་རྣམས་ལ་ཁྲིམས་ཆད་བཙོན་འཇུག་གི་གནས་སྟངས་མཚམས་བཞག་མེད་པ་རེད། ཉེ་ཆར་རང་ལོ་ཉེར་བདུན་ལ་སོན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཀིརྟི་ལགས་ཡིག་ཆ་སྦྱར་འགྲེམས་བྱེད་མཁན་ཡིན་པའི་དོགས་གཞིའི་འོག་རྒྱ་གཞུང་གིས་ཕྱི་ཟླ་༡ པོའི་ཚེས་༡༥ ཉིན་རྔ་པ་རྫོང་ཐོག་ཏུ་འཛིན་བཟུང་བྱས་པ་དང༌། གཞན་པ་ཁག་ཅིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱས་པར་གཟིགས།

བོད་མིར་བཙོན་འཇུག་ཁྲིམས་ཆད།

    འདི་གར་དྷ་ས་ཏྲེ་ཧོར་སྐྱིད་སྡུག་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ཆར་དཀར་མཛེས་རྫོང་མཐིང་མཁར་ཤང༌། ལམ་གོང་གྲོང་ཚོའི་ཕ་བློ་བཟང་བརྩོན་འགྲུས་དང༌། མ་ཡེ་ཤེས་དབང་མོ་གཉིས་ཀྱི་བུ་མོ་རང་ལོ་༢༦ ཅན་བཀྲ་ཤིས་མཚོ་ལ་དུས་བཀག་བཙོན་འཇུག་ཁྲིམས་ཐག་ལོ་༢ དང་ཕྱེད། མཐིང་ཁ་ཤང་འབྲུག་ཉལ་ཚང་སྒྲོན་གཡང་གི་བུ་མོ་རང་ལོ་༢༠ ཙམ་ཅན་དུང་མཚོ་ལ་ལོ་༢ བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག ཁོང་གཉིས་ནི་དཀར་མཛེས་དགེ་མ་བྲག་འོག་བཙུན་དགོན་གྱི་བཙུན་མ་ཡིན་པ་དང༌། ༢༠༠༨ ཟླ་༦ ཚེས་༡༨ ཉིན་དགོན་པར་དམ་དྲག་ཤིན་ཏུ་ཆེ་ཞིང་ཕན་ཚུན་འགྲོ་བསྐྱོད་མི་ཆོག་པའི་གནས་སྐབས་དེར་ཁོང་གཉིས་ནས་སྨན་ཁང་དུ་འགྲོ་བྱེད་ཀྱི་ལག་འཁྱེར་བླངས་ཏེ། དཀར་མཛེས་རྫོང་ཐོག་ཏུ་ཕྱིན་ནས་ཞི་རྒོལ་སྐད་འབོད་བྱེད་སྐབས་འཛིན་བཟུང་གིས་བཀག་ཉར་བྱས་པ་ཞིག་ཡིན་པ་རེད།

རྒྱས་པར་གཟིགས།