དཀར་མཛེས་སུ་སློབ་གྲྭ་དང་སྨན་ཁང་ཁག་ཅིག་སྒོ་རྒྱག་འཆར།
འབྲེལ་ཡོད་ནས་འདི་གར་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉིན་ཤས་སྔོན་དུ་ཁམས་དཀར་མཛེས་རྫོང་ཁུལ་དུ་ཡོད་པའི་ཁང་སར་སྐྱབས་མགོན་སྤྲུལ་སྐུའི་སློབ་གྲྭ་དང་སྨན་ཁང༌། ལམ་བྲག་སྤྲུལ་སྐུའི་སྨན་ཁང༌། དཀར་མཛེས་རྫོང་བོད་ཡིག་སློབ་འབྲིང་བཅས་སྒོ་རྒྱག་རྒྱུའི་གྲོས་ཆོད་བཞག་ནས་མང་ཚོགས་ལ་ཁྱབ་བསྒྲགས་བྱས་འདུག ཕྱི་ཟླ་༡༢ པའི་ཚེས་༡ ཉིན་དཀར་མཛེས་རྫོང་གྲོང་ཁུལ་དུ་ཡོད་པའི་སློབ་ཕྲུག་གི་ཕ་མ་སོགས་རྒན་རྒོན་བགྲེས་སོང་དང་ན་གཞོན་སོགས་བོད་རིགས་མི་མང་ཚོས་བློ་ཕམ་ཆེན་པོའི་ངང་ནས་མ་བསྐུལ་དྭང་བླངས་ཀྱིས་རྫོང་སྲིད་གཞུང་དུ་སྨན་ཁང་དང་སློབ་གྲྭ་དེ་ཚོ་སྒོ་བརྒྱབ་ན་མི་འགྲིག་པའི་ཡི་གེ་དང་ཞུ་བ་ཕུལ་ཡོད་འདུག
རྒྱས་པར་གཟིགས།