རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་མཇལ་འཕྲད་གནང་འཆར།
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་རྒྱ་དཀར་ནག་གཉིས་དབར་གློ་བུར་དུ་རྩོད་རྙོག་རྙིང་པ་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་བྱས་ནས་ཡོང་བཞིན་པ་དང། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཟླ་འདིའི་ཚེས་༡༩ ཉིན་རྒྱ་གར་ནུབ་རྒྱུད་ཀྱི་ས་ཁུལ་གྷུ་ཇིའ་རཱ་ཏཱི་ཤེས་ཡོན་བསྟི་གནས་ཀྱི་ལྷན་ཚོགས་ཐེངས་༥༦ པའི་ཐོག རྒྱ་དཀར་ནག་གཉིས་མཉམ་མཐུན་ངང་གནས་དགོས་པ་དེ་ཨེ་ཤ་ཡ་དང་འཛམ་གླིང་ཞི་བདེ་གནས་ཐབས་ལ་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་ལ། ངས་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་འདི་ཡུན་རིང་གནས་པར་ཡིད་ཆེས་བྱེད་ཀྱི་མེད་ཅེས་གསུངས་ཡོད་པ་རེད།
རྒྱས་པར་གཟིགས།