ཨོ་སི་ཁྲུ་ལི་ཡ་དང་རྒྱ་ནག་དབར་གྱི་འགལ་ཟླ།
ཟླ་འདིའི་ཚེས་༥ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་རྗེས་མའི་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་དྲན་དང་བསྟུན་ནས་ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་དྷ་སར་ཕེབས་ནས་ྋགོང་ས་མཆོག་དང། བཙན་བྱོལ་བོད་གཞུང་གི་ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཀའ་བློན་སོགས་ལ་མཇལ་འཕྲད་གནང་གཏན་ཁེལ་ཡོད་པར། རྒྱ་ནག་གཞུང་གིས་ཨོ་སི་ཁྲུ་ལི་ཡར་ཕྱོགས་གཉིས་དབར་འགལ་ཟླ་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།
རྒྱས་པར་གཟིགས།

ཟླ་འདིའི་ཚེས་༤ ནས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་མཆོག་ཁ་ཆེའི་རྒྱལ་ཁབ་ཨེ་ཇེབ་ཏུ་ཕེབས་ནས། ཁ་ཆེའི་འཛམ་གླིང་དང་ཨ་རིའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གསར་འཛུགས་བྱེད་པ་ཟེར་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། ཁ་ཆེའི་རྒྱལ་ཁབ་ཁག་གིས་དགའ་བསུ་ཆེན་པོ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཟླ་འདིའི་ཚེས་༡ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། པཱ་ཀི་སི་ཐན་གཞུང་དམག་གིས་བདུན་འགའི་སྔོན་ནས་པཱ་ཀི་སི་ཐན་བྱང་ཤར་ཁུལ་དུ་གཏན་འཇགས་ཡིན་པའི་ཏ་ལའི་བྷན་འཇིགས་སྐུལ་རིང་པ་དང་འཐབ་འཛིང་གི་འགོ་བཙུགས་ཡོད་པ་དང༌། ཟླ་འདིའི་ཚེས་༡༠ ནང་ཁུལ་ནས་བྱང་ཤར་གྱི་ས་ཁུལ་དུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་ཡོངས་རྫོགས་རྩ་མེད་གཏོང་རྒྱུ་ཡིན་སྐོར་པཱ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཁྱབ་བསྒྲགས་བྱས་ཡོད་པ་རེད།