ཨ་རི་ནི་ཁ་ཆེ་བ་ཚོའི་དགྲ་བོ་མིན།
ཟླ་འདིའི་ཚེས་༢༧ ཉིན་དཀྱིལ་ཤར་ཨ་རབ་ཀྱི་བརྙན་འཕྲིན་བརྒྱུད་ལམ་ཏུ་ཨ་རིའི་སྲིད་འཛིན་མཆོག་གིས། ཨ་རི་ནི་ཁ་ཆེ་བ་ཚོའི་དགྲ་བོ་མིན་ཞེས་པའི་གསུང་བཤད་ཅིག་སྤེལ་ཡོད་པ་རེད། སྲིད་འཛིན་ཨོ་བྷ་མས་༢༠༠༨ ལོར་འོས་བསྡུའི་ལས་འགུལ་ཆེན་པོའི་སྐབས་སུ་ང་ཁ་ཆེའི་རྒྱལ་ཁབ་མང་ཆེ་བའི་རྒྱལ་ས་ཁག་ཏུ་གཏམ་བཤད་སྤེལ་བར་འགྲོ་མྱོང་ཡོད་པ་དང༌། ད་དུང་ང་ཁ་ཆེའི་རྒྱལ་ཁབ་ཨིན་དྷུ་ནི་ཤི་ཡར་ལོ་མང་རིང་སློབ་གྲྭར་བསྐྱོད་དེ་འཚར་ལོངས་བྱུང་བ་ཞིག་རེད། དོན་དངོས་ཐོག་ཁ་ཆེའི་མང་ཚོ་རྣམས་དད་པ་ཁོ་ནའི་རྗེས་སུ་འབྲང་མཁན་མིན་ལ། མང་ཚོགས་ཀྱིས་རྒྱུན་གནས་ལུགས་མཐུན་གྱི་འཚོ་བའི་དོན་དུ་རེ་བ་དང་རྨི་ལམ་མང་པོ་ཞིག་གཏོང་བཞིན་ཡོད།



ཟླ་འདིའི་ཚེས་ ༢༤ རེས་གཟའ་སྤེན་པ་ཉིན་རྒྱ་གར་གྱི་སྲིད་བློན་མཆོག་སྙིང་ནད་དང་འབྲེལ་བའི་ན་ཚ་ཞིག་བཤའ་བཅོས་གཏོང་གཏན་འཁེལ་ཡོད་འདུག དེ་ཡང་གནས་ཚུལ་ཁུངས་ལྡན་ལྟར་ན། དགུང་ལོ་ ༧༦ ལ་སོན་པའི་རྒྱ་གར་གྱི་སྲིད་བློན་མན་མོ་ཧང་སིང་མཆོག་གི་སྙིང་ནད་དང་འབྲེལ་བའི་ནད་གཞི་བཤའ་བཅོས་ཀྱི་ཆེད་དུ། གྲོང་ཁྱེར་མུམ་བྷེ་ནས་ཨེ་ཤ་ཡའི་སྙིང་ནད་བཤའ་བཅོས་མཐུན་ཚོགས་ཀྱི་མཁས་དབང་སྐོར་ཞིག་ཡོང་རྒྱུ་ཡིན་པ་དང༌། ཟླ་འདིའི་ཚེས་ ༢༦ ཉིན་རྒྱ་གར་མང་གཙོའི་དུས་ཆེན་གྱི་མཛད་སྒོའི་ཐོག་སྲིད་བློན་མཆོག་ཕེབས་གཏན་འཁེལ་ཡོད་རུང༌།

