Uncategorized

བསྔགས་བརྗོད་སྙིང་གི་མེ་ཏོག

༼ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་ལ་ཕུལ་བ།༽

སྨིན་འཁྱོག་ཟུར་མིག་ཀྱོ་བ་རེ་རེས་རྒྱལ་རྣམས་ཟུང་འཇུག་དགའ་བཞི་ཡི།།

མགྲོན་དུ་འགུགས་པའི་ལྷག་པའི་ལྷ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར།།

རོ་དྲུག་འདུས་པའི་དད་པའི་མིག་ཆུ་སྙིམ་པར་བསྣམས་ཏེ་གསོལ་འདེབས་ན།།

དབྱངས་བདུན་རྫོཊ་པའི་སྙན་ཚིག་རིང་མོས་བདག་མགྲིན་ཤིས་པའི་དགའ་སྟོན་སྒྲུབས།།

རྒྱས་པར་གཟིགས།

རྒྱལ་མཆོག་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།

 རྒྱལ་མཆོག་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།

མཉམ་མེད་དྭགས་པོ་བ་ལས་བརྒྱུད་པའི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས། ཆེ་བཞི་ནི། ཀརྨ་བཀའ་བརྒྱུད་དང༌། ཕག་གྲུབ་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད་རྣམས་སོ། བཀའ་བརྒྱུད་ཆུང་བརྒྱད་ནི། ཕག་གྲུབ་ལས་ཆད་པའི་འབྲི་གུང༌། སྟག་ལུང༌། འབྲུག་པ། གཡའ་བཟང༌། ཁྲོ་ཕུ། ཤུག་གསེབ། ཡེལ་པ། སྨར་ཚང་བཅས་ཡིན་ལ།  དེ་དག་ལས་བཀའ་བརྒྱུད་ཆེ་བཞིའི་ནང་ཚན

ཀརྨ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་པོ་ནི་མཉམ་མེད་དྭགས་པོ་ལྷ་རྗེའི་སྲས་ཀྱི་ཐུ་བོ་ཀརྨ་པ་དུས་གསུམ་མཁྱེན་པའམ་ཁམས་པ་དབུ་ སེ་ཞེས་གྲགས་པ་འདི་ཉིད་ཡིན་ཏེ།  རྗེ་འདི་ཉིད་ཀྱི་སྐྱེས་རབས་ཕྲེང་བ་ཤིན་ཏུ་མང་བ་ལས། འདིར་སྐུ་ཕྲེང་དང་པོ་གང་ནས་བགྲངས་པ་རྒྱལ་མཆོག་ཀརྨ་པ་དུས་གསུམ་མཁྱེན་པ་ནས་ བཅུ་བདུན་པ་ད་ལྟར་འཚོ་ཞིང་ཞུགས་པ་ཨུ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་ རྗེའི་བར་གྱི་རྣམ་ཐར་མདོར་བསྡུས་ཙམ་ཞིག་འགོད་པར་འདོད་དོ༎

 

རྒྱས་པར་གཟིགས།

ངུ་འབོད།

ཆུང་ཆུང་སྣང་བ་རྩེན་པའི་ལོ་རྒྱུས་ཤིག་མེད་ཀྱང༌།།

བལྟས་བལྟས་མིག་གི་མཛེས་པ་སེམས་པ་རུ་འཛུལ་ནས།།

བརྩེ་བརྩེ་དུངས་པའི་ཟེགས་མ་འོད་ཟེར་གྱི་དཀྲིས་དེ།།

དགའ་དགའ་སྙིང་གི་རོགས་ལོ་ཁྱེད་རང་དེ་གཅིག་བུ།།

རྒྱས་པར་གཟིགས།

སྐར་མ་གཅིག

སྐར་མ་གཅིག་གི་ནང་དུ་ག་རེ་ཡིན་ཡང་བྱུང་སྲིད་པ་རེད

སྐར་མ་གཅིག་གི་ནང་དུ ཁྱེད་ཀྱིས་རང་གི་དུངས་ས་ཞིག་ལ

ང་རང་ལ་ཁྱེད་ལ་དགའ་ཞེས་ཤོད་དང་

ཁྱེད་ཀྱིས་སྐར་མ་གཅིག་གི་ནང་དེར་བདེ་བ་ཚད་མེད་སྟེར་ཐུབ

སྐར་མ་གཅིག་གི་ནང་དུ ཁྱེད་རང་དྲན་སོང་ཞེས་བཤད་ཐུབ་ངེས

རྒྱས་པར་གཟིགས།

སྲོང་གཏམ་ཚངས་པའི་ཐིག་ཕྲེང༌།

གཞུང་ཞབས་ལ་གདམས་པ།

 བེ་རི་འཇིགས་མེད།

 

ཀ་ཁ་ག་ངའི་དག་ཆ་མི་ཤེས་ཁ་ནས་རིག་གཞུང་མ་ཎི་བགྲང༌།།

ག་ས་ག་ལ་སྒེར་དོན་གཉེར་བའི་ང་ཚོའི་བོད་ཀྱི་ལས་བྱེད་འགའ།།

ཅ་ཅོ་སྤྲེའུའི་སྐད་ཡིག་སྦྱོང་ནས་ཆ་ལུགས་མགོ་སེར་ལམ་སྲོལ་སྤྱོད།།

ཇ་དང་རྩམ་པའི་བོད་ཟས་དོར་ནས་ཉ་དང་ཁྱི་ཤའི་ཁ་ཟས་རྔམས།།

རྒྱས་པར་གཟིགས།

ཀ་བཤད་སྙན་རྩོམ་ལྷག་བསམ་བསྐུལ་བ།

བེ་རི་འཇིགས་མེད། 

ཆོས་སྐུ་སྒྲིབ་བྲལ་རྣམ་དག་དབྱིངས་ལས་མཚན་དཔེའི་སྤྲིན་རིས་རྣམ་པར་བཀྲ།།

འགྲོ་ཁམས་མོས་པ་རྒྱ་མཚོའི་རྗེས་བཟུང་འཇམ་དཔལ་ཡབ་ཡུམ་ལ་བཏུད་ནས།།

འདི་ན་ཆོས་པའི་སྤྱི་ཚོགས་སྒྲིག་ཞུགས་ཆོས་ཀྱི་ལམ་ལས་འདའ་བ་འགའ།།

ཆོས་ལམ་འཛུད་པའི་ལྷག་བསམ་ངལ་བ་སྙིང་དུ་བཅངས་ཏེ་འདི་སྐད་གདམས།།

རྒྱས་པར་གཟིགས།

ཤི་བོའི་རྗེས་ཀྱི་གསོན་པོ།

དེ་རིང་ནས་བརྩིས་པ་ཡིན་ན་ཟླ་གཉིས་ཏག་ཏག་གི་རྗེས་སུ་བོད་པ་བཙན་བྱོལ་ཆགས་ནས་མི་ལོ་ལྔ་བཅུ་ཏག་ཏག་འཁོར་བ་ཡིན་ལ། བོད་ནང་གི་དམར་གསོད་ཆེན་མོའམ་ཞི་རྒོལ་ཆེན་མོ་བྱུང་དེ་མི་ལོ་ཧྲིལ་བོ་གཅིག་ཏག་ཏག་འཁོར་གྱི་ཡོད། ངེད་ཅག་ལ་གྲ་སྒྲིག་ག་རེ་ཡོད། དཔའ་བོ་དེ་དག་གི་ཤུལ་རྗེས་ཇི་ལྟར་སྐྱོང་རྩིས་ཡོད། མི་ལོ་ལྔ་བཅུའི་རིང་གི་ས་མཐར་ལུས་པའི་གྱོང་རྒུད་དེ་དག་ཁ་གསབ་ཇི་ལྟར་བྱེད་འཆར་ཡོད།

རྒྱས་པར་གཟིགས།

གནམ་འོག་འདི་འདྲ་མཉམ་ནམ་ཡང་ཡོང་མི་སྲིད་དོ།

མི་ཚང་མ་ཉལ་འདུག ད་ནི་མཚན་དཀྱིལ་གཡོལ་ནས་ཆུ་ཚོད་དང་བོ་རེད། མི་མང་བོ་ཞིག་རང་རང་གི་ཆུང་མའི་མཉམ་དུ་སྐྱིད་པོ་གཏོང་བཞིན་པའི་སྐབས་ཤིག་ཀྱང་རེད། མི་མང་བོ་ཞིག་རྨི་ལམ་གྱི་ཞིང་དུ་ཡོད། མི་མང་བོ་ཞིག་སྙིང་ཉེ་དང་མཛའ་མོ་མེད་པར་ཁེར་རྐྱང་གི་ཚོར་བ་ལ་འཐམ་ནས་འཇིག་རྟེན་འདིའི་སྟེང་གི་ཚོར་བ་ཆེས་སྐྱུར་ཤོས་དེ་ལ་རོལ་བཞིན་ཡོད།

རྒྱས་པར་གཟིགས།