ད་ལྟ་རང་ལ་འབྱོར་བའི་འབྲེལ་ཡོད་E-Mailཞིག་གི་ནང༌།
ཨ་རོགས་བདེ་མོ་
(ཚེས་༢༧)་་ཁ་སང་དཀར་མཛེས་སུ་དམགས་མི་གཉིས་བསད་ཡོད་པའི་གནས་ཚུལ་ཞིག་འདུག་པ་དང་ངོ་རྒོལ་མུ་མཐུད་བྱེད་བཞིན་ཡོད་པ་རེད། གསེར་རྟ་ལ་ཁ་སང་འཐབ་འཛིང་བྱེད་རྒྱུ་ཡིན་ཚུལ་འདུག་ཀྱང་གང་བྱུང་གོ་ཨེ་བྱུང༌། བྲག་འགོ་རུ་རྒྱ་དགའ་མ་ཞིག་ལ་ནོར་ནས་ཆོས་བསམ་ཞེས་པའི་རྒན་པོ་དེ་ལ་ན་གཞོན་འགའ་ཡོང་ནས་ལོ་སར་ཨེ་སྐྱིད་ཅེས་དྲིས་སྐབས༌།
ཁོང་གིས་ཀྱང་སྐྱིད་གི་སྐྱིད་གི་ཅེས་ཟེར་སྐབས། ན་གཞོན་དེ་ཚོས་ཡ་ཡ་ཁྱོད་རྒྱ་དགའ་མ་ཞེས་ཉེས་བརྡུང་ཚད་མེད་བཏང་སྟེ་རྫོང་སྨན་ཁང་དུ་འཕངས་འདུག།
ར་བསད་ན་ལུག་འདར་བ་བྱེད་འདུག སུས་ཀྱང་ལོ་སར་དང་དགའ་སྤྲོ་བྱེད་མི་འདུག།།
