ཀིརྟི་དགེ་རྩ་ཚོགས་པའི་ཆེད་བསྒྲགས།
ལུགས་བཟང་ཤེས་བྱའི་གནས་ལ་མཁྱེན་རབ་ཀྱི་གཤོག་རྩལ་རྒྱས་བཞིན་པའི་སློབ་གཉེར་བ་རྣམས་ཀྱི་སྙན་ལམ་དུ་གསོལ་རྒྱུར།
༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་བཀའ་དགོངས་ལྟར་ཀིརྟི་དགེ་རྩ་ཚོགས་པ་ནས་སློབ་ཡོན་གྱིས་མ་འདང་བའི་དཀའ་ངལ་ཅན་གྱི་སློབ་མ་ཚོར།
འདི་ནས་སློབ་ཡོན་གྱི་ཁ་གསབ་རོགས་དངུལ་བརྒྱ་ཆའི་འབབ་ཅིག་འབུལ་བཞིན་པར། ལོ་རེ་ནས་ལོ་རེ་བཞིན་ཁ་གསབ་སློབ་ཡོན་རོགས་དངུལ་ཞུ་མཁན་གྱི་སློབ་མ་ཇེ་མང་དུ་འགྲོ་བཞིན་པ་འདིས་ང་ཚོས་རོགས་དངུལ་ཕྲན་བུ་ཕུལ་བ་འདིས་ཕན་ཐོགས་ཡོང་གི་ཡོད་པའི་རྣམ་པ་གསལ་པོར་མཐོང་བས་དགའ་ཚོར་སྐྱེ་བཞིན་ཡོད།
འོན་ཀྱང་ལས་ཀ་བྱེད་སྟངས་ཀྱི་ཆ་ནས་ལོ་འཁོར་མོར་དུས་ཚོད་ངེས་མེད་ཀྱིས་རོགས་དངུལ་ཞུ་སྤྲོད་བྱེད་རྒྱུ་སྟབས་བདེ་མིན་དབང་གིས་ཞུ་སྤྲོད་ཀྱི་དུས་ཚོད་ལ་འགྱུར་བ་ཕྲན་བུ་ཞིག་མ་བཏང་ཀ་མེད་ལ་སོང་།
ལོ་རེའི་ཕྱི་ཟླ་ལྔ་པའི་ཚེས་ཤར་ནས་བཟུང་ཟླ་དྲུག་རིང་སློབ་ཡོན་ཞུ་བའི་དུས་ཚོད་དུ་གཏན་འཁེལ་སོང་བས་ཕྱི་ཟླ་བཅུ་པའི་ཟླ་མཇུག་བར་སློབ་ཡོན་ཞུ་སྤྲོད་ཀྱི་དུས་ཚོད་ཡིན་པ་དགོངས་འཇགས་ཀྱིས། སློབ་ཡོན་ཁ་གསབ་རོགས་རམ་ཞུ་མཁན་ཚོས་ཟླ་དྲུག་དེའི་ནང་ཁུལ་དུ་དགོས་ངེས་ཀྱི་ཡིག་ཆ་ཚད་ལྡན་༧སྙན་ཞུ་འདྲ་པར་དང་བཅས་པ་དུས་ཐོག་ཏུ་འབུལ་དགོས་པ་དགོངས་འཇགས་འཚལ། ཀིརྟིའི་དགེ་རྩ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ཕྱི་ལོ་༢༠༡༦ ཟླ་༡༠ ཚེས་༢༦ ལ།
འབྲེལ་གཏུགས་བྱེད་ཡུལ།
Kirti Getsa Charitable Society,
Kirti Upper Hostel,
Thardholing Road,
P.O. Mcleod Ganj 176219
Dharamsala Distt. Kangra (H.P) INDIA
Tei: 01892-220946 / 221340
Mob:9418045568 / 9816715738 / 8679990888
Fax: 01892-221340
Email: kirticharitable@gmail.com