སུད་སིར་གྱ་སྟོན་སྲུང་བརྩི་།

ཟླ་འདིའི་ཚེས་༤ ཉིན་སུད་སི་དང་ལིཀ་ཏེན་སིཊན། སྐབས་བཅུ་དྲུག་པའི་བོད་རིགས་མི་མང་གི་མཐུས་ཚོགས་ཀྱིས་གོ་སྒྲིག་འོག ༧གོང་ས་མཆོག་གི་སྐུའི་གྱ་སྟོན་མཛད་སྒོ་རྒྱས་འཛོམས་ཤིག་ Bülach མང་ཚོགས་ཁང་དུ་འཚོགས་པ་དང་། དེར་མི་མང་ཉིས་སྟོང་ལྔ་བརྒྱ་ལྷག་མཉམ་འཛོམས་བྱུང་ཡོད་པ་རེད།

thumb_IMG_8161_1024༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་དང་། སུད་སིའི་བོད་རིགས་མི་མང་གི་ཚོགས་གཙོ་དང་རི་ཀོང་དགོན་གྱི་མཁན་རིན་པོ་ཆེ། དེ་བཞིན་ཡོ་རོབ་ཁུལ་གྱི་སྤྱི་མཐུས་རྣམ་པ་བཅས་ཀྱིས་གསུངས་བཤད་དང་།  བོད་མིའི་སྒྲིག་འཛུགས་ཀྱི་ དོན་གཅོད་དངོས་གྲུབ་རྡོ་རྗེས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་སོང་།

ལོ་ལྟར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བརྩི་སྲོལ་ཡོད་ན་ཡང་ད་ལོར་སྐུའི་གྱ་སྟོན་ལ་དམིགས་བསལ་གྱི་ལས་རིམ་མི་འདྲ་བ་གོ་སྒྲིག་བྱས་འདུག དེ་བཞིན་འཐུས་ཚོགས་ཀྱི་ངོས་ནས་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་གཟུགས་མཐོང་བརྙན་འཕྲིན་གྱིས་ལམ་ནས་མི་མང་གཟིགས་འབུལ་ཞུས་སོང་།

ཆོལ་ཁ་དང་ལུང་ཚན་འདྲ་མིན་གྱི་གཞས་སྣ་འཁྲབ་སྟོན་དང་རིག་གཞུང་འཁྲབ་སྟོན། སུད་སིའི་བོད་ཀྱི་ཟློས་གར་ནས་ཀྱང་སྔོན་དང་མ་འདྲ་བའི་གླུ་གཞས་གསར་བ་ཁག་ཅིག་གོ་སྒྲིག་དང་གཟིགས་འབུལ་ཞུས་སོང་། །

ས་གནས་ནས་རྡོ་སྦིས་ཀླུ་རྒྱལ་གྱིས།