ནང་པས་བདག་མེད་འདོད་ཚུལ།

ཡིན་ན་ཡང་དུད་འགྲོའི་རིགས་ཅན་གྱིས་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པའི་ང་ཟེར་བ་དེ་རྩད་གཅོད་བྱེད་པའི་དུད་འགྲོ་ཞིག་ཡོད་མ་རེད། དེ་ང་ཚོ་མིས་བྱེད་ཀྱི་ཡོད་རེད། ཕལ་ཆེར་ཨེ་རྗེབ་ཀྱི་དཔལ་ཡོན་དར་ནས་ལོ་ལྔ་སྟོང་ཕལ་ཆེར་ཤོད་ཀྱི་ཡོད་རེད། ཆོས་ཕྱོགས་ཀྱི་ལྟ་གྲུབ་བྱུང་ནས་ལོ་ལྔ་སྟོང་ཕྱིན་པ་རེད་ཟེར་མཁན་ཞིག་བྱུང༌། རྒྱ་གར་ལ་མུ་སྟེགས་པའི་ཆོས་ལུགས་དར་ནས་ལོ་སུམ་སྟོང་ཙམ་རེད། ཆོས་ལུགས་སྔ་ཤོས་དེ་གྲངས་ཅན་པའི་གྲུབ་མཐའ་རེད། བདག་ཞེས་པ་དེ་ག་འདྲ་ཞིག་འདུག་གཞི་ནས་རྩད་གཅོད་བྱེད་པ་ཞིག་བྱུང་བ་རེད། དེ་རྩད་གཅོད་བྱེད་ཡོང་དུས། རིགས་གཅིག་གིས་དཔེར་ན། ང་རང་ཚོའི་ཉམས་མྱོང་གི་ཐོག་ནས་བསམ་བློ་གཏོང་དུས། ངས་མེ་ཏོག་ཞིག་མཐོང་སོང་ཟེར་དུས། མཐོང་མཁན་དེ་མིག་གི་ཤེས་པ་རེད་པཱ། ཡིན་ན་ཡང་བློ་ལ་མིག་གི་ཤེས་པས་མཐོང་བ་ལ་བརྟེན་ནས་ངས་མཐོང་སོང་བསམ་པ་ཞིག་དྲན་གྱི་འདུག་གཱ མཐོང་བྱེད་དེ་མིག་གི་ཤེས་པ་རེད་དེ། བློ་ལྷན་སྐྱེས་ལ་ངས་མཐོང་སོང་དྲན་གྱི་ཡོད་པ་རེད། དེ་བཞིན་ང་ཡི་ལུས་ཞེས་པའི་ལུས་དེ་ང་ཡིན་དྲན་གྱི་མི་འདུག་གཱ དེ་བཞིན་ང་ཡི་སེམས་ཞེས་བློ་ལ་ཤར་གྱི་འདུག་གཱ དེ་ཡིན་དུས་ལུས་དང་སེམས་གཉིས་པོ་དེ་ང་ཡིན་པའི་འདུ་ཤེས་འཇོག་གི་མི་འདུག་གཱ ལུས་དང་སེམས་ལ་བདག་པོ་རྒྱག་མཁན་དང་དབང་བསྒྱུར་མཁན་གྱི་ང་ཞིག་ཡོད་པ་བློ་ལ་ཤར་གྱི་འདུག་གཱ མི་འདུག་གམ། ང་ཡི་ལུས་ང་ཡི་སེམས་ཟེར་གྱི་ཡོད་རེད་པཱ།
    དེ་འདྲ་ཡིན་དུས་ལུས་སེམས་ཀྱི་ལོགས་སུ་ཡོད་དགོས་ཀྱི་འདུག་བསམ་པ་ཞིག་བློ་ལ་སླེབས་ཀྱི་ཡོད་རེད། རིགས་འགའ་ཤས་ལ་སྔོན་མའི་སྐྱེ་བ་དྲན་མཁན་དེ་འདྲ་ཡོང་གི་འདུག དེ་དག་ལ་སྐྱེ་བ་སྔ་མ་ཡོད་ས་རེད། ངས་དྲན་གྱི་འདུག ཉམས་མྱོང་གིས་གྲུབ་ཡོང་གི་འདུག ཡོད་ཐག་ཆོད་རེད། ངའི་སྐྱེ་བ་སྔོན་མ་དེ་དང་ད་ལྟའི་ལུས་སེམས་གཉིས་རྦད་དེ་ཁག་ཁག་རེད། ཡིན་ན་ཡང་ང་ཡི་སྐྱེ་བ་སྔོན་མ་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་སྐྱེ་བ་སྔ་མ་ནས་འདིར་ཡོང་མཁན་གྱི་ང་ཞིག་ཡོད་དགོས་ཀྱི་འདུག་དྲན་གྱི་རེད་པཱ། དེ་འདྲ་ཡིན་དུས་མཐར་ཐུག་གི་གྲུབ་དོན་དང༌། བསྡོམས་ག་འདྲ་ཞིག་བརྒྱབ་པ་རེད་ཟེར་ན། ང་ཟེར་བ་དེ་ཕུང་པོ་ལས་དོན་གཞན་དུ་ཡོད་རེད། ཕུང་པོ་ལས་དོན་གཞན་པའི་བདག་ཅིག་ཡོད་རེད་ཅེས་པ་དེ་རེད།
    རྒྱ་གར་ལ་ལོ་སྟོང་ཕྲག་གསུམ་ཙམ་ཡས་མས་ལ་བྱུང་བའི་ལྟ་གྲུབ་ཀྱི་ནང་ནས་ནང་པ་གཅིག་པུ་མ་གཏོགས། གཞན་ཡོངས་རྫོགས་ཀྱིས་ཕུང་པོ་ལས་དོན་གཞན་པའི་བདག་བཤད་ཀྱི་ཡོད་རེད། ཕུང་པོ་ལས་དོན་གཞན་པའི་བདག་དེ་ཐ་སྙད་ཆ་ཚང་སྦྱར་ཡང་མ་སྦྱར་རུང༌། བསམ་བློའི་ཤར་སྟངས་དེ་སྐྱེ་བ་སྔ་མ་ནས་འདིར་ཡོང་མཁན་དང་འདི་ནས་ཕྱི་མར་འགྲོ་མཁན་ཟེར་དུས་ང་གཅིག་འདྲ་པོ་ཞིག་བློ་ལ་ཤར་འདུག་མཁན། ཕུང་པོ་དེ་རྒན་པའི་གནས་སྐབས་ཀྱི་ཕུང་པོ་དང༌། གཞོན་པའི་གནས་སྐབས་ཀྱི་ཕུང་པོ། ནད་པའི་གནས་སྐབས་ཀྱི་ཕུང་པོ། ནད་པ་དྲག་པའི་གནས་སྐབས་ཀྱི་ཕུང་ཡོད་རེད། ལུས་ཀྱི་རྣམ་འགྱུར་འདྲ་མི་འདྲ་འགྱུར་གྱི་ཡོད་རེད། སྐྲ་དཀར་མེད་པའི་སྐབས་དང་སྐྲ་དཀར་སྐྱེ་བའི་སྐབས་ཡོད་རེད། ཕུང་པོ་འགྱུར་གྱི་ཡོད་པ་ང་ཚོའི་མཐོང་ཆོས་སུ་ཡོད་རེད། ཤེས་པ་འགྱུར་གྱི་ཡོད་པ་མཐོང་ཆོས་སུ་རེད་འདུག་གཱ ག་དུས་ཡིན་ཡང་ང་ཆུང་ཆུང་སྐབས་ལ། གཞོན་ནུའི་སྐབས་ལ། དར་མའི་སྐབས་ལ། ང་རྒད་པོའི་སྐབས་ལ་ཞེས་ང་དེ་གཅིག་པ་འདྲ་པོ་ཞིག་འདུག་གཱ དེ་འདྲ་ཡིན་དུས་ལུས་སེམས་འགྱུར་བ་འགྲོ་བ་ནང་བཞིན་གྱི་འགྱུར་བ་འགྲོ་རྒྱུ་མེད་པའི་ང་ཞིག་བློ་ལ་ཤར་གྱི་འདུག་གཱ དེར་བརྟེན་ང་དེ་འགྱུར་བ་མེད་པའི་རྟག་པ། ང་དེ་ཀུན་ལ་ཁྱབ་བསྡད་པ་ལྟ་བུའི་ང་གཅིག་པུ། རང་སྐྱ་བ། རྟགས་གཅིག་རང་དབང་བ་ཞེས་ཐ་སྙད་སྦྱར་ཡང་མ་སྦྱར་ཡང༌། ཕུང་པོ་ལས་དོན་གཞན་པའི་བདག་ཅིག་བཤད་ཡོང་དུས་བདག་དེ་རྟགས་གཅིག་རང་དབང་བ་ཞིག་རེད་ཅེས་བཤད་ཀྱི་ཡོད་རེད།                 རྒྱ་གར་དུ་བྱུང་བའི་ཆོས་ལུགས་མ་ཡིན་པ་ཕྱི་ལོགས་སུ་བྱུང་བའི་ཆོས་ལུགས་དཔེར་ན། འཇིའུ་ཆོས་ལུགས་དང༌། ཡེ་ཤུའི་ཆོས། དེ་བཞིན་ཁ་ཆེའི་ཆོས་ལ་སོགས་པ་ཚང་མས་པྲྣསྤྱརྡ ཞེས་ཟེར་གྱི་འདུག་གཱ དབྱིན་ཇིའི་སྐད་ལ་པྲྣསྤྱརྡ ཞེས་ཟེར་གྱི་འདུག ཡེ་ཤུའི་ཆོས་ལ་ཆ་བཞག་ན་སྐྱེ་བ་སྔ་མ་འདོད་ཀྱི་ཡོད་མ་རེད། སྐྱེ་བ་སྔ་ཕྱི་འདོད་མཁན་ཚོ་ནང་བཞིན་གྱི་སྐྱེ་བ་ཕྱི་མ་འདོད་ཀྱི་ཡོད་མ་རེད་དེ། ཕུང་པོ་དེ་ཤི་ཚར་བའི་རྗེས་ལ་ཕུང་པོ་ལས་ལོགས་སུ་བྱེ་བསྡད་པའི་པྲྣསྤྱརྡ ཞེས་པ་ཞིག་བཤད་ཀྱི་འདུག་གཱ པྲྣསྤྱརྡ དེ་རོ་སྒམ་ནང་ལ་འདུག་དགོས་ཀྱི་ཡོད་དམ། ཕྱི་ལོགས་ལ་འདུག་དགོས་ཀྱི་ཡོད་དེ་ངས་མི་ཤེས། གཅིག་བྱས་ན་པྱྟཔྲྤངལ་གསོབྱས་པ་རེད་ཟེར་གྱི་མེད་འགྲོ། ཤི་ཚར་བའི་རྗེས་རོ་སྒམ་ལ་ནང་ལ་བླུགས་ནས་དེ་ལ་པྱྟཔྲྤཞེས་ཟེར་གྱི་འདུག་གཱ པྲྣསྤྱརྡ དེ་པྱྟཔྲྤ བྱས་ནས་སྐྱིད་པོའི་ངང་འདུག་གི་མེད་འགྲོ། གང་ལྟར་མཐའ་མཇུག་ཏུ་དཀོན་མཆོག་གིས་ཐག་གཅོད་བྱས་ནས་བཀའ་ལ་ཉན་མཁན་རྣམས་དག་ཞིང་དུ་སྐྱེ་བ་དང༌། བཀའ་ལ་མི་ཉན་པར་ལོག་ལྟ་བྱེད་བསྡད་མཁན་དེ་ངན་འགྲོ་ལ་འགྲོ་བ་ཞེས་དེ་འདྲའི་བཟང་ངན་དབྱེ་བ་འབྱེད་ཀྱི་ཡོད་པ་རེད། ང་ཚོ་ཕལ་ཆེར་མར་འགྲོ་མཁན་གྲས་རེད། གང་ཡིན་ཟེར་ན། ང་ཚོས་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ཁས་ལེན་གྱི་ཡོད་མ་རེད། སྔོན་མ་ཕྱི་ལོ་༡༩༦༠ ནང་ཨ་མི་རི་ཁའི་སྐྱེ་དམན་ཞིག་འདུག ང་དང་ཐུག་བྱུང༌། མོ་རང་ཀུ་ལུ་ཁུལ་ལ་གུང་གསེང་བཏང་ནས་མར་ཡོང་བ་ཡིན་ཟེར། ཀུ་ལུ་ལ་བོད་པ་མང་པོ་ཞེ་དྲག་འདུག བོད་པ་ཚོ་དེ་འདྲའི་མི་ཡག་པོ། གཉོམ་ཆུང་ཚུལ་མཐུན་ཡག་པོ་ཞེ་དྲག་འདུག་ཟེར་ནས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག ཡིན་ན་ཡང་ཐབས་སྐྱོ་བ་ཞིག་ལ་མི་དེ་དག་ལ་ཆོས་མི་འདུག་ཟེར་གྱི་འདུག དེར་བརྟེན་ཡེ་ཤུའི་ཆོས་རང་གི་ཐོག་ནས་བལྟས་ན་ང་ཚོ་ལོག་ལྟ་ཅན། ཆད་ལྟ་བ། འཇིག་རྟེན་བཀོད་པ་པོ་མི་འདོད་པ་ཡིན་པས་ཆད་ལྟ་བ་ཆགས་བསྡད་ཡོད་རེད། བྱས་ཙང་དམྱལ་བ་ལ་འགྲོ་རྒྱུ་མ་གཏོགས་དག་ཞིང་ལ་སླེབས་ཐུབ་པ་ཞིག་ཡོད་མ་རེད།
    གང་ལྟར་ཐག་གཅོད་བྱེད་ས་དེ་པྲྣསྤྱརྡ ཞེས་པ་དེ་ལ་རེད་འདུག་གཱ རྟག་གཅིག་རང་དབང་བ་རེད་འདུག་གཱ ཐ་སྙད་དེ་རང་སྦྱར་གྱི་ཡོད་མ་རེད་དེ། དོན་དག་དེ་མུ་སྟེགས་པའི་ཨ་ཐི་མ་ཟེར་བ་དེ་དང་པྲྣསྤྱརྡ ཟེར་བ་དེ་གཉིས་ཕལ་ཆེར་གཅིག་པ་ལྟ་བུ་རེད་འདུག ཁ་ཆེའི་ཆོས་ལའང་དེ་དང་འདྲ་པོ་རེད། ཨ་ལ་ཁ་ཆེའི་དཀོན་མཆོགཡིས་བདག་དེ་བཀོད། ཕུང་པོ་དེ་དོར་བའི་རྗེས་ལ་ཨ་ལའི་དྲུང་དུ་སྐྱེ་བ་ལ་སོགས་པ་ཕལ་ཆེར་གཅིག་པ་རེད་འདུག གང་ལྟར་འཛམ་བུ་གླིང་འདིའི་སྒང་ལ་ངས་ཤེས་ཚོད་བྱས་ན་ཆོས་ལུགས་བཅུ་གྲངས་ཡོད་པའི་ནང་ནས། ནང་པ་གཅིག་པུ་མ་གཏོགས་ཕུང་པོ་ལས་དོན་གཞན་པའི་བདག་ཅིག་བཤད་ཀྱི་འདུག་གཱ སངས་རྒྱས་པའི་ཆོས་ཀྱིས་བདག་མེད་ཅེས་པ་དེ་གསུངས་ནས། བདག་ཟེར་བ་དེ་འཚོལ་ཡོང་དུས་བདག་ཅེས་པ་དེ་ལུས་སེམས་ཀྱི་ཕུང་པོ་ལ་བརྟེན་ནས་བཞག་བཞག་པ་ཞིག་རེད། ལུས་སེམས་ལ་བརྟེན་ནས་བཏགས་བཞག་པ་ཞིག་རེད། ནང་པའི་ཆོས་ཀྱི་ནང་ནས་དེ་འདྲ་ཞིག་གསུང་གི་ཡོད་རེད། ནང་པའི་སྡེ་ཚན་བྱེ་བྲག་སྨྲ་བའི་སྡེ་པ་རེ་ཟུང་གིས་བདག་མེད་ཅེས་ཐག་མ་བཅད་པར་བརྗོད་དུ་མེད་པའི་བདག་ཅེས་པ་ཞིག་ཡོད་རེད། རྟག་གཅིག་རང་དབང་བའི་བདག་དེ་འདྲ་མེད་པ་རེད་ཟེར་གྱི་མེད་འགྲོ། སྤྱིར་བཏང་ནང་པའི་གྲུབ་མཐའ་ཚང་མས་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་ཞེས་གསུང་གི་ཡོད་རེད།
    འཛམ་གླིང་སྒང་ལ་ཆོས་ལུགས་ཐམས་ཅད་ཀྱི་ནང་ནས་བདག་མེད་གསུང་མཁན་དེ་ནང་པ་གཅིག་པུ་རེད། བདག་མེད་ཟེར་བའི་དོན་དེ་ནམ་རྒྱུན་ང་རང་ཚོའི་བློ་ལ་ཤར་བསྡད་པའི་ང་དེ་མེད་པ་རེད་རྩ་བ་ཉིད་ནས་ཟེར་གྱི་ཡོད་མ་རེད། བློ་ལ་ཤར་བའི་ང་དེ་ཡོད་བདེན་པ་རེད། དེ་ཡོད་ནས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་དེ་རེད། དེ་རྒྱུ་མཚན་དུ་བྱས་ནས་ང་དེའི་སྡུག་བསྔལ་སེལ་བའི་ཆེད་བརྩོན་དགོས་ཀྱི་ཡོད་པ་དང༌། སྡུག་བསྔལ་འབྱུང་བའི་རྒྱུ་བཀག་ནས་རྒྱུ་འགག་པ་ཡིན་དུས། རྒྱུ་དེའི་འབྲས་བུ་ལས་ཐར་ནས་བདེ་སྐྱིད་ཡོང་གི་རེད་ཅེས་བཤད་ཀྱི་ཡོད་རེད། ང་ཁས་ལེན་གྱི་རེད། ཡིན་ན་ཡང་བདག་མེད་ཅེས་པའི་མེད་རྒྱུའི་བདག་དེ་ཕུང་པོ་ལས་དོན་གཞན་པའི་བདག་ཅིག་ཡོད་མ་རེད་ཅེས་པ་རེད། འཕྲོས་འདོན་ཐེངས་རྗེས་མར་གཟིགས།