ནང་ཆོས་ཤེས་ན་བོད་ཀྱི་རིག་གཞུང་ལ་གོ་རྟོགས་ཡོང་གི་འདུག

གསུང་ཆོས་ཀྱི་སྐབས་གནད་དོན་གང་ལའང་འགྲེལ་བཤད་གནང་ནས་གསལ་པོ་དང་ཤེས་བདེ་པོ་གནང་གི་འདུག  དེ་བཞིན་མི་ཚང་མས་ཞི་བདེའི་ནང་དོན་དང༌། ཞི་བདེ་བརྒྱུད་ནས་རང་གཞན་གཉིས་ཀར་ཕན་ཐོགས་ག་ཚོད་ཡོད་མེད་ཤེས་རྟོགས་ཡག་པོ་བྱུང་ཡོད་པའི་ཚོར་སྣང་སྐྱེས་བྱུང༌།
དྲི་བ། བོད་པའི་ངོས་ནས་ཐེ་ཝན་དང་རྒྱ་རིགས་ཚོར་ཆོས་ཕྱོགས་ནས་འབྲེལ་བ་དམ་པོ་འཛིན་གྱི་ཡོད་རེད། ཁྱེད་ཀྱིས་བསམ་ན་འདིས་མ་འོངས་པར་རྒྱ་བོད་ཀྱི་གནད་དོན་སེལ་བར་ཕན་ཐོགས་ཆེན་པོ་ཡོད་རེད་དགོངས་ཀྱི་འདུག་གམ།
ལན། ཉེ་སྔོན་གསུང་ཆོས་ཞུས་པའི་རིང་ལ་ྋགོང་ས་མཆོག་གིས་བཀའ་སློབ་འདི་འདྲ་ཞིག་གནང་སོང༌། སྤྱིར་བཏང་ནས་བོད་པའི་རིག་གཞུང་སྤྱི་ཡོངས་དང་བོད་ཀྱི་ད་ལྟའི་གནད་དོན་རྣམས། རིག་གཞུང་བྱེ་བྲག་པ་གཅིག་དང་ཆབ་སྲིད་ཀྱི་གནད་དོན་རེ་འགའ་གཅིག་ཁོ་ན་དང་འབྲེལ་ནས་གནས་མེད་པ། གནད་དོན་དེ་དག་ཡོངས་སུ་རྫོགས་པ་བོད་ཀྱི་ནང་ཆོས་དང་འདྲེས་ནས་བསྡད་ཡོད་པའི་སྐོར་གསུངས་སོང༌། དེས་ན་གསུང་ཆོས་ཞུ་མཁན་དང་དམིགས་བསལ་གྱི་དྷ་སར་ཆེད་དུ་གསུང་ཆོས་ལ་འབྱོར་མཁན་ཚོས། བོད་ཀྱི་ནང་ཆོས་དང་འབྲེལ་ནས་བོད་ཀྱི་རིག་གཞུང་སྤྱི་ཡོངས་དང༌། བོད་ཀྱི་སྲོལ་རྒྱུན་གོམས་གཤིས། ད་ལྟའི་བོད་ཀྱི་གནས་བབས་བཅས་ལ་གོ་རྟོགས་རང་བཞིན་གྱིས་ཡོང་གི་ཡོད་པ་རེད། ཆོས་ཕྱོགས་བརྒྱུད་ནས་གནས་ཚུལ་དེ་དག་ཤེས་པ་དེ་བོད་ཀྱི་གནད་དོན་ལ་ཕན་ཐོགས་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
དྲི་བ། གལ་སྲིད་ྋགོང་ས་མཆོག་བཞུགས་མེད་པའི་སྐབས་ལ། བོད་དང་ཐེ་ཝན་གཉིས་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་དེ་ད་ལྟ་བཞིན་གནས་ཐུབ་ཀྱི་རེད་དགོངས་ཀྱི་འདུག་གམ།
ལན། སྤྱིའི་ཆ་ནས་བོད་ཀྱི་ཆོས་དེ་གནས་དང་མི་གནས་ཟེར་བ་མི་གཅིག་ཁོ་ན་ལ་རག་ལས་པ་ཞིག་མ་རེད། ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་ྋགོང་ས་མཆོག་ཧ་ཅང་མཚན་མཐོང་ཆེན་པོ་དང༌། ཁོང་གིས་མི་རྣམས་ལ་ཞི་བདེ་བསྐྲུན་ནས་རྗེས་སུ་འབྲང་མཁན་གྲངས་མེད་ཡོད་པ་རེད། བོད་ཀྱི་ནང་ཆོས་གནས་པ་ལ་ཆོས་ཀྱི་གོ་རྟོགས་དགོས་པ་དེ་མེད་དུ་མི་རུང་བ་རེད་དྲན་གྱི་འདུག དེ་དང་འབྲེལ་ནས་བོད་ཀྱི་རིག་གཞུང་ལ་རང་བཞིན་གྱིས་གོ་རྟོགས་ཡོང་གི་ཡོད་པ་རེད། བོད་དང་ཐེ་ཝན་གཉིས་དབར་ཆོས་ཕྱོགས་ཀྱི་འབྲེལ་ལམ་དེ། གཙོ་བོ་ཕྱོགས་གཉིས་ཀྱི་ཆོས་ཀྱི་གོ་རྟོགས་སྤེལ་རེས་བྱེད་པ་ལ་རག་ལས་ཀྱི་རེད་བསམ་གྱི་འདུག
དྲི་བ། ྋགོང་ས་མཆོག་གིས་གནང་བའི་བཀའ་སློབ་མང་པོའི་ནང་དེང་སྐབས་དངུལ་གྱི་ཆེད་དུ་རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་ཝན་སོགས་སུ། བླ་མ་དང་གྲྭ་པ་རྫུན་མ་མང་པོ་ཡོང་ནས་དཀའ་ངལ་བཟོ་བཞིན་ཡོད་པའི་སྐོར་གསུངས་མྱོང་ཡོད་པ་རེད། ཁྱེད་རང་འདིའི་ཐད་བསམ་ཚུལ་ག་རེ་ཡོད།
ལན། ངའི་བསམ་པ་དེ་འདྲའི་རིགས་ཡོང་སྲིད་པ་རེད། བོད་ཀྱི་ནང་པ་གཅིག་པུ་མིན་པར་ཐེ་ཝན་གྱི་ནང་པའི་ནང་དུའང་བླ་མ་དང་གྲྭ་པ། བཙུན་མ་རྫུན་མ་སོགས་མང་པོ་ཡོང་གི་ཡོད་རེད་དྲན་གྱི་འདུག དེ་བཞིན་ཡེ་ཤུའི་ཆོས་ལུགས་སོགས་ཆོས་ལུགས་གཞན་པའི་ནང་དུའང༌། ཆོས་ལུགས་ཀྱི་འགན་འཛིན་དང་སྣེ་ཤན་པ་རྫུན་མ་སོགས། རྒྱུན་ལྡན་གྱི་བྱ་སྤྱོད་ལས་ལྡོག་པའི་རིགས་མི་འདྲ་བ་འགའ་ཤས་མཚམས་མཚམས་སུ་ཡོང་བསྡད་པ་དེ། འགྲོ་བ་མི་སྤྱི་ཡོངས་ཀྱི་རང་བཞིན་རེད་དྲན་གྱི་འདུག  ཐེ་ཝན་ནང་བོད་པའི་ནང་ཆོས་སྦྱང་སའི་ཆོས་ཚོགས་འདྲ་མིན་དང༌། ཆོས་ལུགས་ལྷན་ཚོགས་དེ་འདྲ་མང་པོ་བཙུགས་ཡོད་པ་རེད། ཐེ་ཝན་གྱི་ནང་པར་ཆ་མཚོན་ན། བོད་ཀྱི་ནང་ཆོས་ལ་ཅུང་ཟད་གོ་རྟོགས་མ་སྐྱེས་ན་ནང་ཆོས་དངོས་གནས་དེ་གང་ཡིན་མིན་ཤེས་ཁག་པོ་རེད་བསམ་གྱི་འདུག
དྲི་བ། གལ་སྲིད་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་ཚང་མར་ནང་ཆོས་གཙོ་བོར་བྱས་ནས་ཆོས་ལུགས་ཀྱི་རང་དབང་ཆ་ཚང་ཐོབ་ན། རྒྱ་ནག་དམར་ཕྱོགས་ཚོགས་པ་སྲ་བརྟན་དུ་གནས་པར་བར་ཆད་ཆེན་པོ་ཡོང་གི་རེད་དགོངས་ཀྱི་འདུག་གམ།
ལན། རྒྱ་ནག་དམར་ཕྱོགས་ཚོགས་པ་དང་ཆོས་ལུགས་གཉིས་ཀྱི་འབྲེལ་ལམ་ཐད་ཆ་ཚང་བ་ཞིག་འགྲེལ་བཤད་རྒྱག་ཁག་པོ་རེད། ཆོས་ལུགས་གཅིག་པུའི་ངོས་ནས་ཆབ་སྲིད་ཚོགས་པ་སྲ་བརྟན་ཡོང་བར་བར་ཆད་བྱེད་ཀྱི་མ་རེད་དྲན་གྱི་འདུག གང་ཡིན་ཞེས་ན་ཆོས་ལུགས་སྤྱི་ཡོངས་དང་ལྷག་དོན་ནང་ཆོས་ཡིན་ན། སེམས་ཅན་ཡོངས་རྫོགས་ལ་བྱམས་སྙིང་རྗེ་བྱེད་དགོས་པའི་བསླབ་བྱ་རྒྱག་གི་ཡོད་རེད། ཡིན་ནའང་རྒྱ་ནག་གི་དཔོན་རིགས་ཚོར་དོགས་པ་དང་ཞེད་སྣང་ཕལ་ཆེར་ཡོང་གི་ཡོད་ས་རེད། རིག་གནས་གསར་བརྗེའི་སྐབས་དང་དེའི་རྗེས་སུ་གང་བྱུང་ཡོད་མེད་མི་རྒན་པའི་འགྲེལ་བརྗོད་དང་དཔེ་དེབ་འགའ་བཀླགས་པ་ཙམ་ལས། དོན་དངོས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་མེད་དང་ཆགས་ཀྱི་ཡོད་མེད་བཤད་ཁག་པོ་འདུག
དྲི་བ། འདས་པའི་ལོ་རྒྱུས་ནང་ནང་ཆོས་ཤུགས་ཆེན་དར་སའི་སོག་ཡུལ་དང་བོད་སོགས་སུ། ནང་ཆོས་ཀྱིས་རྐྱེན་བྱས་ཏེ་དཔལ་འབྱོར་ཡར་རྒྱས་ལ་འགོག་རྐྱེན་འཕྲད་ནས་རྗེས་ལུས་ཐེབས་པའི་སྐོར་ཤོད་མཁན་མང་པོ་ཡོད་རེད། ཁྱེད་ཀྱིས་ཐེ་ཝན་ལ་དེ་འདྲའི་རིགས་ཡོང་གི་རེད་དགོངས་ཀྱི་མི་འདུག་གམ།
ལན། སྤྱིར་ངས་འདི་འདྲ་ཞིག་དྲན་གྱི་འདུག མི་ཞིག་གིས་རླངས་འཁོར་བཏང་ནས་འགྲོ་བའི་སྐབས་སུ་གློ་བུར་དུ་ཞི་མི་ནག་པོ་གཅིག་གིས་གཞུང་ལམ་འཕྲེད་གཅོད་བྱས་ནས། མི་དེའི་རླངས་འཁོར་ཐང་སྟེང་དུ་རིལ་ནས་རྐྱེན་ངན་ཐེངས་གཅིག་བྱུང་བ་ཡིན་ན། རྗེས་སུ་ཁོས་ཞི་མི་ནག་པོ་ཚང་མ་རླངས་འཁོར་ཐང་སྟེང་དུ་རིལ་བཅུག་མཁན་རེད་ཟེར་ནས་བཤད་ན། མི་ཚོས་དེ་ལ་ཡིད་ཆེས་བྱེད་ཁག་པོ་རེད་ལ་ང་ཚོའི་རྒྱུན་ལྡན་གྱི་བསམ་བློའི་ནང་ལའང༌། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་མིན་པ་ཤེས་ཐུབ་ངེས་རེད་བསམ་གྱི་འདུག སྔོན་དུས་བྱུང་བའི་རྒྱལ་ཁབ་དེ་དག་འཐོར་ཞིག་སོང་བའི་རྒྱུ་རྐྱེན་རྣམས་ཆོས་ཀྱིས་རྐྱེན་བྱས་མེད་པ། གནད་དོན་གཞན་ཁག་དང་འབྲེལ་བ་ཡོད་རེད་བསམ་གྱི་ཡོད། དམིགས་བསལ་བོད་ཀྱི་ནང་ཆོས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་སོགས་ལ་འགོག་རྐྱེན་བྱེད་ཀྱི་ཡོད་པའི་བསམ་ཚུལ་ཤོད་བཞིན་པ་དག་ལ་ངས་རྒྱུ་མཚན་མཐོང་གི་མི་འདུག
དྲི་བ། ཐེ་ཝན་སོགས་སུ་ཆོས་བྱེད་སྐབས་ཆོ་ག་རིང་ལུགས་དར་སྲོལ་ཆེ་བ་ལས། བོད་ལྟར་ནང་དོན་རིག་པ་དང་མཚན་ཉིད་རིག་པ་དེ་ཙམ་སྦྱང་བརྩོན་བྱེད་སྲོལ་མི་འདུག་པས། ཁྱེད་རང་ལ་འདིའི་ཐད་དགོངས་ཚུལ་ག་རེ་ཡོད་དམ།
ལན། ངས་ཚོད་དཔག་བྱས་ན་མི་ཚང་མར་རང་བཞིན་སྣ་ཚོགས་ཡོད་རེད་ལ། དེ་ལ་འཚམས་པའི་བསམ་བློའི་འཆར་སྒོ་སྣ་ཚོགས་ཡོང་གི་ཡོད་ས་རེད། དེས་ན་གནད་དོན་གང་ཡིན་ཡང་བྱེད་སྒོ་གཅིག་ཁོ་ནས་མི་ཚང་མའི་བསམ་བློའི་འདུ་ཤེས་བསྐོང་ཐུབ་ཀྱི་ཡོད་མ་རེད། མི་འགའ་རེས་དང་པོ་ཆོ་ག་རིང་ལུགས་གལ་ཆེན་དུ་བཟུང་ནས་དད་པ་སྐྱེ་ཐབས་བྱས་ནས། རིམ་གྱིས་ནང་དོན་རིག་པ་དང་ཆོས་གཞུང་ནང་གསལ་བའི་སེམས་ཁམས་རིག་པ་སོགས་ལ་སློབ་སྦྱོང་བྱེད་ཀྱི་ཡོད་རེད། བསམ་བློ་འགྱུར་ལྡོག་བཏང་བ་ལ་ནང་དོན་རིག་པའི་ནང་གསུངས་པའི་གནད་དོན་དེ་དག་ལ་སྦྱང་བརྩོན་ཡག་པོ་བྱས་ན། ཆོ་ག་རིང་ལུགས་ཉམས་ལེན་བྱེད་པའི་སྐབས་དང་མི་འདྲ་བའི་བསམ་བློའི་འཁྱེར་སྟངས་ཁྱད་པར་ཡོང་གི་ཡོད་ས་རེད། འདི་ནི་ང་རང་སྒེར་གྱི་བསམ་ཚུལ་ཡིན་པ་ལས་ཞིབ་ཕྲ་ཤེས་ཀྱི་མེད།།
ཟླ་འདིའི་ཚེས་༡༥ ནས་༡༨ བར་དྷ་ས་བཞུགས་སྒར་དུ་ཐེ་ཝན་གྱི་གསུང་ཆོས་གོ་སྒྲིག་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་རོགས་ཆིང་ཀོང་བྷན་ལགས་སུ་བཅར་འདྲི།
དྲི་བ། ྋགོང་ས་མཆོག་གི་མདུན་དུ་གསུང་ཆོས་ཞུ་སྐབས་ཁྱེད་རང་ལ་སྔར་དང་མི་འདྲ་བའི་ཚོར་སྣང་ག་རེ་བྱུང།
ལན། ྋགོང་ས་མཆོག་གི་སྐུ་མདུན་དུ་གསུང་ཆོས་ཞུ་སྐབས་ངོ་མཚར་ཅན་གྱི་སྐྱིད་སྣང་ཡོང་གི་འདུག ངའི་བསམ་པར་གསུང་ཆོས་ཞུ་མཁན་ཚང་མར་གཅིག་པ་ཡིན་རྒྱུ་རེད་དྲན་གྱི་འདུག གང་ཡིན་ཟེར་ན་ྋགོང་ས་མཆོག་ནི་ཧ་ཅང་མཁྱེན་རྒྱ་ཆེན་པོ་དང༌། གསུང་ཆོས་ཀྱི་སྐབས་གནད་དོན་གང་ལའང་འགྲེལ་བཤད་གནང་ནས་གསལ་པོ་དང་ཤེས་བདེ་པོ་གནང་གི་འདུག  དེ་བཞིན་མི་ཚང་མས་ཞི་བདེའི་ནང་དོན་དང༌། ཞི་བདེ་བརྒྱུད་ནས་རང་གཞན་གཉིས་ཀར་ཕན་ཐོགས་ག་ཚོད་ཡོད་མེད་ཤེས་རྟོགས་ཡག་པོ་བྱུང་ཡོད་པའི་ཚོར་སྣང་སྐྱེས་བྱུང༌།
དྲི་བ། བོད་པའི་ངོས་ནས་ཐེ་ཝན་དང་རྒྱ་རིགས་ཚོར་ཆོས་ཕྱོགས་ནས་འབྲེལ་བ་དམ་པོ་འཛིན་གྱི་ཡོད་རེད། ཁྱེད་ཀྱིས་བསམ་ན་འདིས་མ་འོངས་པར་རྒྱ་བོད་ཀྱི་གནད་དོན་སེལ་བར་ཕན་ཐོགས་ཆེན་པོ་ཡོད་རེད་དགོངས་ཀྱི་འདུག་གམ།
ལན། ཉེ་སྔོན་གསུང་ཆོས་ཞུས་པའི་རིང་ལ་ྋགོང་ས་མཆོག་གིས་བཀའ་སློབ་འདི་འདྲ་ཞིག་གནང་སོང༌། སྤྱིར་བཏང་ནས་བོད་པའི་རིག་གཞུང་སྤྱི་ཡོངས་དང་བོད་ཀྱི་ད་ལྟའི་གནད་དོན་རྣམས། རིག་གཞུང་བྱེ་བྲག་པ་གཅིག་དང་ཆབ་སྲིད་ཀྱི་གནད་དོན་རེ་འགའ་གཅིག་ཁོ་ན་དང་འབྲེལ་ནས་གནས་མེད་པ། གནད་དོན་དེ་དག་ཡོངས་སུ་རྫོགས་པ་བོད་ཀྱི་ནང་ཆོས་དང་འདྲེས་ནས་བསྡད་ཡོད་པའི་སྐོར་གསུངས་སོང༌། དེས་ན་གསུང་ཆོས་ཞུ་མཁན་དང་དམིགས་བསལ་གྱི་དྷ་སར་ཆེད་དུ་གསུང་ཆོས་ལ་འབྱོར་མཁན་ཚོས། བོད་ཀྱི་ནང་ཆོས་དང་འབྲེལ་ནས་བོད་ཀྱི་རིག་གཞུང་སྤྱི་ཡོངས་དང༌། བོད་ཀྱི་སྲོལ་རྒྱུན་གོམས་གཤིས། ད་ལྟའི་བོད་ཀྱི་གནས་བབས་བཅས་ལ་གོ་རྟོགས་རང་བཞིན་གྱིས་ཡོང་གི་ཡོད་པ་རེད། ཆོས་ཕྱོགས་བརྒྱུད་ནས་གནས་ཚུལ་དེ་དག་ཤེས་པ་དེ་བོད་ཀྱི་གནད་དོན་ལ་ཕན་ཐོགས་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
དྲི་བ། གལ་སྲིད་ྋགོང་ས་མཆོག་བཞུགས་མེད་པའི་སྐབས་ལ། བོད་དང་ཐེ་ཝན་གཉིས་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་དེ་ད་ལྟ་བཞིན་གནས་ཐུབ་ཀྱི་རེད་དགོངས་ཀྱི་འདུག་གམ།
ལན། སྤྱིའི་ཆ་ནས་བོད་ཀྱི་ཆོས་དེ་གནས་དང་མི་གནས་ཟེར་བ་མི་གཅིག་ཁོ་ན་ལ་རག་ལས་པ་ཞིག་མ་རེད། ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་ྋགོང་ས་མཆོག་ཧ་ཅང་མཚན་མཐོང་ཆེན་པོ་དང༌། ཁོང་གིས་མི་རྣམས་ལ་ཞི་བདེ་བསྐྲུན་ནས་རྗེས་སུ་འབྲང་མཁན་གྲངས་མེད་ཡོད་པ་རེད། བོད་ཀྱི་ནང་ཆོས་གནས་པ་ལ་ཆོས་ཀྱི་གོ་རྟོགས་དགོས་པ་དེ་མེད་དུ་མི་རུང་བ་རེད་དྲན་གྱི་འདུག དེ་དང་འབྲེལ་ནས་བོད་ཀྱི་རིག་གཞུང་ལ་རང་བཞིན་གྱིས་གོ་རྟོགས་ཡོང་གི་ཡོད་པ་རེད། བོད་དང་ཐེ་ཝན་གཉིས་དབར་ཆོས་ཕྱོགས་ཀྱི་འབྲེལ་ལམ་དེ། གཙོ་བོ་ཕྱོགས་གཉིས་ཀྱི་ཆོས་ཀྱི་གོ་རྟོགས་སྤེལ་རེས་བྱེད་པ་ལ་རག་ལས་ཀྱི་རེད་བསམ་གྱི་འདུག
དྲི་བ། ྋགོང་ས་མཆོག་གིས་གནང་བའི་བཀའ་སློབ་མང་པོའི་ནང་དེང་སྐབས་དངུལ་གྱི་ཆེད་དུ་རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་ཝན་སོགས་སུ། བླ་མ་དང་གྲྭ་པ་རྫུན་མ་མང་པོ་ཡོང་ནས་དཀའ་ངལ་བཟོ་བཞིན་ཡོད་པའི་སྐོར་གསུངས་མྱོང་ཡོད་པ་རེད། ཁྱེད་རང་འདིའི་ཐད་བསམ་ཚུལ་ག་རེ་ཡོད།
ལན། ངའི་བསམ་པ་དེ་འདྲའི་རིགས་ཡོང་སྲིད་པ་རེད། བོད་ཀྱི་ནང་པ་གཅིག་པུ་མིན་པར་ཐེ་ཝན་གྱི་ནང་པའི་ནང་དུའང་བླ་མ་དང་གྲྭ་པ། བཙུན་མ་རྫུན་མ་སོགས་མང་པོ་ཡོང་གི་ཡོད་རེད་དྲན་གྱི་འདུག དེ་བཞིན་ཡེ་ཤུའི་ཆོས་ལུགས་སོགས་ཆོས་ལུགས་གཞན་པའི་ནང་དུའང༌། ཆོས་ལུགས་ཀྱི་འགན་འཛིན་དང་སྣེ་ཤན་པ་རྫུན་མ་སོགས། རྒྱུན་ལྡན་གྱི་བྱ་སྤྱོད་ལས་ལྡོག་པའི་རིགས་མི་འདྲ་བ་འགའ་ཤས་མཚམས་མཚམས་སུ་ཡོང་བསྡད་པ་དེ། འགྲོ་བ་མི་སྤྱི་ཡོངས་ཀྱི་རང་བཞིན་རེད་དྲན་གྱི་འདུག  ཐེ་ཝན་ནང་བོད་པའི་ནང་ཆོས་སྦྱང་སའི་ཆོས་ཚོགས་འདྲ་མིན་དང༌། ཆོས་ལུགས་ལྷན་ཚོགས་དེ་འདྲ་མང་པོ་བཙུགས་ཡོད་པ་རེད། ཐེ་ཝན་གྱི་ནང་པར་ཆ་མཚོན་ན། བོད་ཀྱི་ནང་ཆོས་ལ་ཅུང་ཟད་གོ་རྟོགས་མ་སྐྱེས་ན་ནང་ཆོས་དངོས་གནས་དེ་གང་ཡིན་མིན་ཤེས་ཁག་པོ་རེད་བསམ་གྱི་འདུག
དྲི་བ། གལ་སྲིད་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་ཚང་མར་ནང་ཆོས་གཙོ་བོར་བྱས་ནས་ཆོས་ལུགས་ཀྱི་རང་དབང་ཆ་ཚང་ཐོབ་ན། རྒྱ་ནག་དམར་ཕྱོགས་ཚོགས་པ་སྲ་བརྟན་དུ་གནས་པར་བར་ཆད་ཆེན་པོ་ཡོང་གི་རེད་དགོངས་ཀྱི་འདུག་གམ།
ལན། རྒྱ་ནག་དམར་ཕྱོགས་ཚོགས་པ་དང་ཆོས་ལུགས་གཉིས་ཀྱི་འབྲེལ་ལམ་ཐད་ཆ་ཚང་བ་ཞིག་འགྲེལ་བཤད་རྒྱག་ཁག་པོ་རེད། ཆོས་ལུགས་གཅིག་པུའི་ངོས་ནས་ཆབ་སྲིད་ཚོགས་པ་སྲ་བརྟན་ཡོང་བར་བར་ཆད་བྱེད་ཀྱི་མ་རེད་དྲན་གྱི་འདུག གང་ཡིན་ཞེས་ན་ཆོས་ལུགས་སྤྱི་ཡོངས་དང་ལྷག་དོན་ནང་ཆོས་ཡིན་ན། སེམས་ཅན་ཡོངས་རྫོགས་ལ་བྱམས་སྙིང་རྗེ་བྱེད་དགོས་པའི་བསླབ་བྱ་རྒྱག་གི་ཡོད་རེད། ཡིན་ནའང་རྒྱ་ནག་གི་དཔོན་རིགས་ཚོར་དོགས་པ་དང་ཞེད་སྣང་ཕལ་ཆེར་ཡོང་གི་ཡོད་ས་རེད། རིག་གནས་གསར་བརྗེའི་སྐབས་དང་དེའི་རྗེས་སུ་གང་བྱུང་ཡོད་མེད་མི་རྒན་པའི་འགྲེལ་བརྗོད་དང་དཔེ་དེབ་འགའ་བཀླགས་པ་ཙམ་ལས། དོན་དངོས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་མེད་དང་ཆགས་ཀྱི་ཡོད་མེད་བཤད་ཁག་པོ་འདུག
དྲི་བ། འདས་པའི་ལོ་རྒྱུས་ནང་ནང་ཆོས་ཤུགས་ཆེན་དར་སའི་སོག་ཡུལ་དང་བོད་སོགས་སུ། ནང་ཆོས་ཀྱིས་རྐྱེན་བྱས་ཏེ་དཔལ་འབྱོར་ཡར་རྒྱས་ལ་འགོག་རྐྱེན་འཕྲད་ནས་རྗེས་ལུས་ཐེབས་པའི་སྐོར་ཤོད་མཁན་མང་པོ་ཡོད་རེད། ཁྱེད་ཀྱིས་ཐེ་ཝན་ལ་དེ་འདྲའི་རིགས་ཡོང་གི་རེད་དགོངས་ཀྱི་མི་འདུག་གམ།
ལན། སྤྱིར་ངས་འདི་འདྲ་ཞིག་དྲན་གྱི་འདུག མི་ཞིག་གིས་རླངས་འཁོར་བཏང་ནས་འགྲོ་བའི་སྐབས་སུ་གློ་བུར་དུ་ཞི་མི་ནག་པོ་གཅིག་གིས་གཞུང་ལམ་འཕྲེད་གཅོད་བྱས་ནས། མི་དེའི་རླངས་འཁོར་ཐང་སྟེང་དུ་རིལ་ནས་རྐྱེན་ངན་ཐེངས་གཅིག་བྱུང་བ་ཡིན་ན། རྗེས་སུ་ཁོས་ཞི་མི་ནག་པོ་ཚང་མ་རླངས་འཁོར་ཐང་སྟེང་དུ་རིལ་བཅུག་མཁན་རེད་ཟེར་ནས་བཤད་ན། མི་ཚོས་དེ་ལ་ཡིད་ཆེས་བྱེད་ཁག་པོ་རེད་ལ་ང་ཚོའི་རྒྱུན་ལྡན་གྱི་བསམ་བློའི་ནང་ལའང༌། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་མིན་པ་ཤེས་ཐུབ་ངེས་རེད་བསམ་གྱི་འདུག སྔོན་དུས་བྱུང་བའི་རྒྱལ་ཁབ་དེ་དག་འཐོར་ཞིག་སོང་བའི་རྒྱུ་རྐྱེན་རྣམས་ཆོས་ཀྱིས་རྐྱེན་བྱས་མེད་པ། གནད་དོན་གཞན་ཁག་དང་འབྲེལ་བ་ཡོད་རེད་བསམ་གྱི་ཡོད། དམིགས་བསལ་བོད་ཀྱི་ནང་ཆོས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་སོགས་ལ་འགོག་རྐྱེན་བྱེད་ཀྱི་ཡོད་པའི་བསམ་ཚུལ་ཤོད་བཞིན་པ་དག་ལ་ངས་རྒྱུ་མཚན་མཐོང་གི་མི་འདུག
དྲི་བ། ཐེ་ཝན་སོགས་སུ་ཆོས་བྱེད་སྐབས་ཆོ་ག་རིང་ལུགས་དར་སྲོལ་ཆེ་བ་ལས། བོད་ལྟར་ནང་དོན་རིག་པ་དང་མཚན་ཉིད་རིག་པ་དེ་ཙམ་སྦྱང་བརྩོན་བྱེད་སྲོལ་མི་འདུག་པས། ཁྱེད་རང་ལ་འདིའི་ཐད་དགོངས་ཚུལ་ག་རེ་ཡོད་དམ།
ལན། ངས་ཚོད་དཔག་བྱས་ན་མི་ཚང་མར་རང་བཞིན་སྣ་ཚོགས་ཡོད་རེད་ལ། དེ་ལ་འཚམས་པའི་བསམ་བློའི་འཆར་སྒོ་སྣ་ཚོགས་ཡོང་གི་ཡོད་ས་རེད། དེས་ན་གནད་དོན་གང་ཡིན་ཡང་བྱེད་སྒོ་གཅིག་ཁོ་ནས་མི་ཚང་མའི་བསམ་བློའི་འདུ་ཤེས་བསྐོང་ཐུབ་ཀྱི་ཡོད་མ་རེད། མི་འགའ་རེས་དང་པོ་ཆོ་ག་རིང་ལུགས་གལ་ཆེན་དུ་བཟུང་ནས་དད་པ་སྐྱེ་ཐབས་བྱས་ནས། རིམ་གྱིས་ནང་དོན་རིག་པ་དང་ཆོས་གཞུང་ནང་གསལ་བའི་སེམས་ཁམས་རིག་པ་སོགས་ལ་སློབ་སྦྱོང་བྱེད་ཀྱི་ཡོད་རེད། བསམ་བློ་འགྱུར་ལྡོག་བཏང་བ་ལ་ནང་དོན་རིག་པའི་ནང་གསུངས་པའི་གནད་དོན་དེ་དག་ལ་སྦྱང་བརྩོན་ཡག་པོ་བྱས་ན། ཆོ་ག་རིང་ལུགས་ཉམས་ལེན་བྱེད་པའི་སྐབས་དང་མི་འདྲ་བའི་བསམ་བློའི་འཁྱེར་སྟངས་ཁྱད་པར་ཡོང་གི་ཡོད་ས་རེད། འདི་ནི་ང་རང་སྒེར་གྱི་བསམ་ཚུལ་ཡིན་པ་ལས་ཞིབ་ཕྲ་ཤེས་ཀྱི་མེད།།

This will close in 0 seconds