ལྡི་ལིར་བོད་དོན་ལས་འགུལ་བ་དྲུག་བཀག་ཉར།

tycdelhi1ཟླ་འདིའི་ཚེས་༡ ཉིན་འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གི་དཔོན་པོ་ཀྲུའུ་ཡུང་ཁང་རྒྱ་གར་དུ་ཡོང་དོན་གཙོ་བོ་ནི། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་དོན་དང་འབྲེལ་ལམ། བདེ་འཇགས་ལ་གྲོས་བསྡུར་ཆེད་ཡིན་པ་དང། ཀྲུའུ་ཡུང་ཁང་གི་དྲིལ་བསྒྲགས་གཏམ་བཤད་ནང་འཁོད་དོན་དུ། ཕྱི་ལོ་༡༩༥༠ ཞི་བའི་དོན་ཚན་ལྔའི་ནང་རྒྱ་དཀར་ནག་གཉིས་འཛུལ་ཞུགས་བྱས་པ་ནས་བཟུང། རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་བའི་རྨང་གཞི་སྲ་བརྟན་བྱས་པ་ཙམ་མ་ཟད། རྒྱལ་སྤྱིའི་ནང་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་བཟང་དུ་སོང་ནས། འཛམ་གླིང་གི་ཞི་བདེ་བརྟན་སྲུང་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།

དེ་བཞིན་༡༩༥༤ རྒྱ་དཀར་ནག་གཉིས་དབར་“པན་ཆི་ཤི་ལི་”ཟེར་བའི་དོན་ཚན་ལྔ་ཅན་གྱི་གྲོས་མཐུན་ཞིག་བཞག་པ་ནས་བཟུང། རྒྱ་གར་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བོད་ཆོལ་གསུམ་གྱི་བདག་དབང་ཡོངས་རྫོགས་ཡོད་པའི་ངོས་འཛིན་བྱས་པ་ཐོག་མ་དེ་ཆགས་ཡོད་པ་དང། དེ་ནས་༡༩༦༢ འཕགས་བོད་ཀྱི་ས་མཚམས་སུ་རྒྱ་དཀར་གཉིས་ཀྱི་དམག་འཁྲུག་བརྒྱབ་པ་སོགས་ཀྱིས་འབྲེལ་ལམ་སྡུག་ཏུ་སོང་ཡོད་པ་རེད། ད་ཐེངས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་བཟང་དུ་གཏོང་ཆེད་ཀྲུའུ་ཡུང་ཁང་ལྡི་ལི་གསར་པ་འབྱོར་བ་དང་བསྟུན་ནས། དབུས་གཞོན་ལྷན་གྱི་གོ་སྒྲིག་འོག་བོད་མི་ཚོས་ངོ་རྒོལ་བྱེད་སྐབས། བསྟན་འཛིན་དང་བློ་བཟང་། བསོད་ནམས། དོན་གྲུབ། བཀྲིས། བུ་མོ་སྐལ་བཟང་བཅས་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད།

གཞོན་ལྷན་གྱི་ངོས་ནས་དེ་ལྟར་ཞི་བའི་ངོ་རྒོལ་བྱེད་དོན་ཡང། བོད་ནང་དགོན་སྡེ་ཁག་ཏུ་རྒྱ་ནག་གཞུང་གི་དམ་བསྒྲགས་བྱེད་བཞིན་པ་དང་། རྒྱ་ནག་གི་གཞུང་གི་ཡིག་ཆ་ཨང་བརྒྱད་པ་ཞེས་པ་དགོན་སྡེ་ཁག་གི་ནང་ལག་བསྟར་བྱེད་འགོད་ཚུགས་ཡོད་པ། དེ་བཞིན་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོའི་ལས་དོན་གང་ཅིའི་ཐད་ལ་རང་དབང་འཕྲོག་བཞིན་ཡོད་པ་རྣམས། མྱུར་དུ་དྲང་བདེན་གྱི་ཐག་གཅོད་དགོས་པའི་ཆེད་དུ་ལས་འགུལ་སྤེལ་བ་ཞིག་ཡིན་པ་རེད།།

{jcomments on}