ཆེད་བརྗོད།

ཐེ་ཝན་དུ་ཆིབས་བསྒྱུར་གྱི་རྒྱབ་མདུན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༤
ད་ལྟའི་ཆར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་བཞིན་ཡོད་པ་དང༌། ཆིབས་བསྒྱུར་གྱི་སྐོར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཀྱང་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། སྤྱིར་གོ་མིན་ཏང་གིས་ཐེ་ཝན་གྱི་སྲིད་དབང་བཟུང་རྗེས་ཙམ་ལ། ྋགོང་ས་མཆོག་གིས་ཐེ་ཝན་དུ་ཆིབས་བསྒྱུར་གནང་འདོད་ཡོད་སྐོར་གསུངས་ཡོད་པ་དང༌། ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཅུའུ་ཡིས་ཏཱ་ལའི་བླ་མ་ཐེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུ་དེ་དུས་སྐབས་འོས་འཚམས་ཤིག་མིན་ཚུལ་བརྒྱུད་ལམ་ཁག་ཏུ་བརྗོད་ཡོད།

རྒྱས་པར་གཟིགས།

བོད་པའི་མཆོད་གནས། རྒྱ་གཞུང་གི་ཚོང་རྫས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༣
བོད་མི་རིགས་ཀྱི་སེམས་གཏིང་ནས་དད་འདུན་བྱེད་ཡུལ་དང་སྐྱབས་གནས་སུ་བཅོལ་བའི་སྐུ་གསུང་ཐུགས་རྟེན་དང༌། གནས་ཆེན།  དགོན་སྡེ་ཁག་སོགས་དེང་དུས་རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་སྣེ་ལེན་བྱེད་ཡུལ་གྱི་ལྟེ་གནས་སུ་བསྒྱུར་ནས་ཡོང་འབབ་འབོར་ཆེན་གསོག་གི་ཡོད་པ་དང༌། གནས་ཆེན་དེ་དག་གི་ནང་རྟེན་ཁག་ཀྱང་ད་ལྟའི་ཆར་བཞུགས་ཡོད་མེད་ཀྱང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་པ་རེད།

རྒྱས་པར་གཟིགས།

“ས་མཚམས་”རྩོད་རྙོག་བར་གྱི་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༢   
བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གིས་བཙན་བཟུང་བྱས་པ་ནས་རྒྱ་དཀར་ནག་གཉིས་ཀྱི་བར་ས་མཚམས་ཀྱི་རྩོད་རྙོག་དེ་རྒྱུན་མ་ཆད་པར་བྱུང་ཡོད་ལ། ༡༩༦༢ ལོར་རྒྱ་དཀར་ནག་གཉིས་ས་མཚམས་ཀྱི་ཆེད་དམག་འཁྲུག་ཀྱང་ཤུགས་ཆེན་པོ་བརྒྱབ་ཡོད་པ་རེད། ཉེ་བའི་ཆར་སླར་ཡང་རྒྱ་དཀར་ནག་གཉིས་ས་མཚམས་སྐོར་གྲོས་མོལ་བྱས་པར་གྲུབ་འབྲས་གང་ཡང་སོན་མེད་པ་དང༌། རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནད་དོན་དེའི་སྐོར་ལ་གནས་ཚུལ་མང་པོ་འདོན་སྤེལ་བྱས་སོང། དཔེར་ན་རྒྱ་ནག་གིས་རྒྱ་གར་གཞུང་ལ་སྐྱོན་འཛུགས་“མངའ་སྡེ་བཙུགས་ནས་སྲིད་འཛིན་མངའ་ཁོངས་ཇེ་ཆེར་བཏང་བ།

རྒྱས་པར་གཟིགས།

གནད་ལ་ཁེལ་བའི་ངོས་འཛིན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༡
ཟླ་འདིའི་ཕྱི་ཚེས་༦ ནས་ཉིན་གསུམ་རིང་བོད་རྒྱ་མཁས་པའི་ལྷན་ཚོགས་ཤིག་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་རུ་འཚོགས་ཡོད་པ་དང༌། གནད་དོན་མང་པོ་ཞིག་གི་ཐོག་ལ་བགྲོ་གླེང་དང་མཇུག་བསྡོམས་ཀྱི་ཡིག་ཆ་ཞིག་ཀྱང་གསལ་བསྒྲགས་བྱས་ཡོད་པ་རེད། དེའི་ནང་ནས་བོད་ཀྱི་གནད་དོན་སེལ་བའི་ཐབས་ལམ་ཞེས་པའི་ནང་གསེས་གསུམ་པ། “རྒྱ་རིགས་ཚོས་རང་ཉིད་ཀྱི་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་བཤགས་བསྡོམས་དང༌། བོད་མིའི་རིག་གཞུང་འཚོ་བ་སྐྱེལ་སྟངས་ལ་བརྩི་བཀུར་བྱེད་དགོས་”ཞེས་འཁོད་ཡོད་པ་དང། མ་འོངས་པར་རིམ་བཞིན་རྒྱ་རིགས་ཕལ་མོ་ཆེའི་སེམས་ནང་དུ་ལྟ་ཚུལ་འདིར་ངོས་འཛིན་གསལ་པོ་ཞིག་བྱུང་ན་གཞི་ནས་བོད་རྒྱའི་དཀའ་རྙོག་ཐག་གཅོད་ཡོང་རྒྱུར་རེ་བ་བྱེད་ཆོག་པ་ཞིག་ཡིན་ལ།

རྒྱས་པར་གཟིགས།

བེད་མེད་དུ་འགྱུར་བཞིན་པའི་དེབ་སེར་པོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༠
བོད་མི་གང་མང་ཞིག་རྒྱ་བལ་འབྲུག་གསུམ་ཁུལ་དུ་སྐྱབས་བཅོལ་ལ་ཡོང་ནས་གཞིས་ཆགས་གསར་འཛུགས་དང༌། དགོན་སྡེ་དང་སློབ་གྲྭ་གསར་འཛུགས། བོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང༌། བོད་དོན་འཛམ་གླིང་གི་ཐོག་ཏུ་དྲིལ་བསྒྲགས་སོགས་རླབས་ཆེ་བའི་གྲུབ་འབྲས་མང་པོ་ཞིག་བཞག་ཡོད། རྒྱ་གར་གཞུང་གིས་བོད་རིགས་སྐྱབས་བཅོལ་བ་རྣམས་ལ་ཕྱི་བསྐྱོད་ལག་དེབ་སེར་པོ་ཟེར་བ་ཞིག་གནང་ནས་ད་བར་བོད་གཞུང་གི་ལས་བྱེད་རྣམས་གཞུང་དོན་ཆེད་ཕྱོགས་བསྐྱོད་ལྟ་བུས་མཚོན་བོད་མི་རྣམས་ལག་ཁྱེར་འདིའི་ཐོག་ནས་ཕྱིའི་རྒྱལ་ཁབ་ཏུ་འགྲོ་བཞིན་ཡོད།

རྒྱས་པར་གཟིགས།

དངངས་འཚབ་འོག་གི་པེ་ཅིང་གཞུང།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༩
ད་ལྟའི་ཆར་རྒྱ་ནག་གཞུང་དེ་ཕྱིའི་རྣམ་པའི་ཐོག་ནས་ཡར་རྒྱས་དང་མདུན་བསྐྱོད་རང་བཞིན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་པ་ལྟ་བུར་སྣང་ཡང། ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་ནག་ནང་དུ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་བཞིན་པ་དང། དབུལ་ཕྱུག་གི་བར་ཁྱད་ཧ་ཅང་ཆེ་བ། རྒྱལ་སྤྱིའི་དངུལ་རྩའི་རླུང་འཚུབ་ཀྱི་ཤུགས་རྐྱེན་ཆེན་པོ་འཕྲད་ནས་བཟོ་གྲྭ་མང་པོས་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་ཐུག་བཞིན་པ་དང། བཟོ་གྲྭ་མང་པོ་སྒོ་རྒྱག་དགོས་ཐུག་པ་སོགས་ཀྱི་གནས་ཚུལ་འོག་ཉིན་བཞིན་མི་མང་ཁྲི་ཕྲག་མང་པོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང།

རྒྱས་པར་གཟིགས།

མེ་མདའི་སོ་འོག་གི་གྲངས་ཉུང་མི་རིགས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༧
སྤྱིར་རྒྱ་ནག་ལ་མཚོན་ན་མི་རིགས་མང་པོ་ཡོད་པ་དང་མི་འབོར་ཆེས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། ད་ལྟའི་ཆར་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་སུ་འགྲོ་བཞིན་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཆགས་ཡོད་ནའང། པེ་ཅིང་གཞུང་གིས་དེང་སྐབས་རང་ཉིད་ཀྱི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་དག་གི་བདེ་སྡུག་ལ་དངོས་ཐོག་བདེན་འཚོལ་གྱི་ཐག་གཅོད་རོགས་རམ་བྱེད་རྒྱུ་ཕར་ཞོག བདེ་སྡུག་གི་ཞུ་འབོད་ལ་མེ་མདས་ཡ་ལན་སྤྲད་པ་དང། མི་རིགས་ཀྱི་བདེ་སྡུག་ཆེད་ཞི་བའི་ངོ་རྒོལ་བྱེད་མཁན་དག་གི་ཚེ་སྲོག་ནི། ཚན་རིག་སློབ་སྦྱོང་བྱེད་མཁན་དག་གིས་ཙི་ཙིའི་ཚེ་སྲོག་ཚོད་ལྟ་བྱེད་པའི་ལག་ཆར་བེད་སྤྱོད་བྱེད་བཞིན་པ་ལྟར། པེ་ཅིང་གཞུང་གི་དམག་མི་དང་ཉེན་རྟོག་པའི་ལག་རྩེ་ན་གྲངས་ཉུང་མི་རིགས་སུ་གཏོགས་པའི་མི་སེར་དག་གི་ཚེ་སྲོག་ནི་ཅི་མི་སྙམ་པར་རྩེད་ཆས་སུ་གྱུར་ཡོད།

རྒྱས་པར་གཟིགས།

སྤྱི་ཚོགས་ཀྱི་དོ་སྣང་ཕྲོགས་པའི་སྒྱུ་རྩལ་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༥  
སྤྱིར་སྒྱུ་རྩལ་ནི་མི་རིགས་ཤིག་གི་གསོན་ཤུགས་དང་སྒྱུ་རྩལ་པ་ནི་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག ཡང་ན་སའི་གོ་ལའི་སྣེ་ཁྲིད་པ་རེད་ཅེས་བརྗོད་ཀྱང། གོ་ལ་གཅིག་གྱུར་གྱི་དུས་འདིར་མི་འོས་པ་གང་ཡང་མེད། ཉེ་བའི་ཆར་འཛམ་གླིང་གླུ་གཞས་ཀྱི་རྒྱལ་པོ་ལྟ་བུར་གྱུར་པའི་མེག་ཁལ་རྗེག་སན་གྲོངས་པའི་སྐབས་འཛམ་གླིང་གི་ས་གནས་གང་ས་ནས་མི་ཁྲི་འབུམ་མང་པོས་མྱ་ངན་ཞུས་ཡོད་པ་མ་ཟད། གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན་མི་བཅུ་ཕྲག་ལྷག་ཅིག་གིས་ཁོང་གྲོངས་པའི་མྱ་ངན་ལ་བརྟེན་ནས་རང་སྲོག་བློས་བཏང་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། འདས་པའི་ལོ་རྒྱུས་ཁྲོད་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་ཤོས་ཆོས་ལུགས་སོ་སོའི་བླ་ཆེན་ཁག་ཡིན་མོད། ད་ལྟའི་དུས་འདིར་ཆོས་ལུགས་ཁག་གིས་བླ་ཆེན་ཚོ་ལས་གླུ་བ་གྲགས་ཅན་དང། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན། རྩེད་མོ་བ་གྲགས་ཅན་སོགས་ཀྱིས་འཛམ་གླིང་མི་མང་གི་བསམ་བློའི་ནང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་ནི་སྨོས་མ་དགོས་པ་རེད།

རྒྱས་པར་གཟིགས།

རང་བཙན་གྱི་ཕྱོགས་སུ་སྐུལ་འདེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༤  
རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་མང་དག་ཅིག་རྩ་བརླག་ཏུ་གཏོང་རྒྱུའི་བྱུས་ངན་མང་པོ་ཤིག་བཤམས་ཡོད་པ་དང༌། འདས་པའི་ལོ་སུམ་ཅུའི་རིང་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་གཉིས་ཀྱི་དབར་ཆད་ཙམ་མཐུད་ཙམ་གྱི་འབྲེལ་བ་མང་པོ་ཞིག་བྱུང་ཡོད་ཀྱང༌། ད་ལྟའི་ཆར་རྒྱ་གཞུང་གི་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་བོད་རྒྱའི་འབྲེལ་ལམ་དེ་སྡུག་པའི་རྩེ་མོར་ཕྱིན་ཡོད། རྒྱ་གཞུང་གིས་དེའི་ངན་ཁག་དེ་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་འགེལ་རྒྱུ་ཡོད་ཀྱང༌། དོན་དངོས་ཐོག་བོད་ནང་དུས་རིམ་བཞིན་ཞི་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་ཧ་ཅང་གསལ་པོར་གྱུར་ཡོད། དཔེར་ན་རྒྱ་ནག་གཞུང་གིས་དུས་རྒྱུན་ཏཱ་ལས་བོད་རང་བཙན་མཚམས་བཞག་མེད་པ་མ་ཟད། ཏཱ་ལའི་བསམ་ཚུལ་གཙོ་བོ་དེ་བོད་རང་བཙན་བྱེད་ཀྱི་དེ་རེད་ཅེས་བརྙན་འཕྲིན་དང་རླུང་འཕྲིན། གསར་ཤོག་སོགས་སུ་ཁྱབ་བསྒྲགས་བྱེད་བཞིན་ཡོད་པས་བོད་ནང་དུ་ཡོད་པའི་བོད་རིགས་མི་མང་གི་བསམ་བློའི་ཁ་ཕྱོགས་བོད་རང་བཙན་གྱི་ཕྱོགས་སུ་སྐུལ་འདེད་བྱེད་བཞིན་ཡོད་པ་རེད།

རྒྱས་པར་གཟིགས།

སྤྱི་འཐུས་རྒྱུན་ལས་ཀྱི་འཐུས་ཤོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༣ 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་མཚོན་ན་མི་མང་གི་སྐུ་ཚབ་ཡིན་པ་དང༌། སྤྱི་འཐུས་ཡོངས་རྫོགས་དུས་རྒྱུན་བཞུགས་མི་དགོས་པར་ཆོལ་ཁ་གསུམ་ནས་སྐུ་ཚབ་གཉིས་རེ་དང༌། ཆོས་བརྒྱུད་ལྔ་ནས་སྐུ་ཚབ་གཅིག་རེ་བཅས་ད་ལྟའི་ཆར་སྤྱི་འཐུས་རྒྱུན་ལས་མི་གྲངས་བཅུ་གཅིག་ཡོད་པ་རེད། སྤྱི་འཐུས་རྒྱུན་ལས་ལ་མཚོན་ན་དུས་རྒྱུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ལས་དོན་བསྒྲུབ་དགོས་པ་དང༌། གནད་དོན་ཐག་གཅོད་བྱེད་དགོས་པའང་ཧ་ཅང་མང་པོ་ཡོད་པ་རེད། རྒྱུན་ལས་ནས་དུས་རྒྱུན་ཐག་གཅོད་བྱེད་དགོས་པ་ཙམ་དུ་མ་ཟད། སུམ་ཆ་གཉིས་མ་ཚང་ན་ཚོགས་འདུ་ཡང་འཚོག་མི་ཆོག་པས་གྲུབ་ཆ་ཚང་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

རྒྱས་པར་གཟིགས།