ཆེད་བརྗོད།

བོད་དོན་ཐད་འུ་ཐུག་པའི་རྒྱ་གཞུང༌།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༨
ཕྱི་ཟླ་༦ པའི་ནང་ཧྥ་རན་སིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་གཟི་བརྗིད་ཅན་གྱི་མི་སེར་གྱི་ཆེ་བསྟོད་ཕྱག་འཁྱེར་འབུལ་རྒྱུའི་གསལ་བསྒྲགས་གནང་བ་དང༌། རྒྱ་ནག་གཞུང་གིས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༠༩ ཟླ་༥ ཚེས་༨ ཉིན་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་རྒྱ་དམར་གཞུང་གིས་ཕྱི་འབྲེལ་མགྲིན་ཚབ་པ་མཱ་ཁྲོ་ཞུའུ་ཡིས་“ྲོང་ཁྱེར་ཕེ་རི་སིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་པ་དང༌། བོད་དོན་དུ་ཡང་བསྐྱར་ནོར་འཁྲུལ་མི་འབྱུང་བའི་བླང་བྱ་བཏོན་ཡོད་པ་རེད”ེས་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་ྋགོང་ས་མཆོག་གདན་འདྲེན་ཞུ་བའི་སྐབས་མཐོ་རིམ་དཔོན་རིགས་ཁག་དང་མཇལ་འཕྲད་གནང་རྒྱུ་སོགས་ལ་གནོན་ཤུགས་དང་འབོད་སྐུལ་འདྲ་མིན་བྱེད་བཞིན་ཡོད་པ་དང༌། “འ་ལའི་རུ་ཚོགས་”ྱིས་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱེད་རྒྱུའི་འཆར་གཞི་ཡོད་ཚུལ་སོགས་སྒྲོག་བཞིན་ཡོད་པ་རེད།

རྒྱས་པར་གཟིགས།

སྐྱབས་བཅོལ་ལག་དེབ་ཀྱི་དཀའ་ངལ་ངོ་མ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༧ 
ད་ལྟའི་ཆར་༢༠༠༣ ལོར་བོད་ནས་གསར་དུ་འབྱོར་བ་རྣམས་ལ་བོད་གཞུང་གིས་རྒྱ་གར་གཞུང་ལ་འབོད་སྐུལ་ཞུས་པ་བརྒྱུད་ས་གནས་གང་ས་ནས་སྐྱབས་བཅོལ་ལག་དེབ་ཚད་ལྡན་གསར་བཟོ་ཟིན་ཡོད་པ་དང། ཁག་ཅིག་གིས་གསལ་བསྒྲགས་སྔ་ཕྱི་བྱས་ཀྱང་ཐོ་འགོད་མ་བྱས་པ་དང། མང་པོ་ཞིག་གིས་ཐོ་འགོད་བྱས་ཀྱང་ལག་དེབ་གསར་བཟོའི་གསལ་བསྒྲགས་སྐབས་བཅར་མཁན་མེད་པའི་གནས་ཚུལ་མང་པོ་བྱུང་ཡོད། ༢༠༠༣ གྱི་སྔོན་དུ་འབྱོར་བའི་ནང་ནས་ལག་དེབ་མེད་པར་ཐོ་འགོད་བྱེད་མཁན་དྷ་སར་མཚོན་ན་བརྒྱད་བརྒྱ་ལྷག་ཡོད་ཀྱང། དངོས་སུ་བཟོ་སྐབས་སུམ་བརྒྱ་ལྷག་ལས་བཅར་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད། གང་ལྟར་ད་ལྟའི་ཆར་དམིགས་བསལ་འཛུལ་ཞུགས་ལག་ཁྱེར་ཡོད་མཁན་རྣམས་ཀྱི་ནང་དུ་གདམ་ག་བཞི་ཡོད་པ་དང། དེ་ཡང་སྐྱབས་བཅོལ་དང། སློབ་སྦྱོང། གནས་སྐོར། གཞན་དག་ཅེས་ཡོད་པའི་ནང་ནས་སྐྱབས་བཅོལ་ཞེས་པ་དེར་རྟགས་བརྒྱབ་ཡོད་མཁན་ཧ་ཅང་དཀོན་པ་དང། སློབ་སྦྱོང་ཡང་དེ་ཙམ་མང་པོ་འཁོད་མེད་པ་དང། མང་པོ་ཞིག་ལ་གནས་སྐོར་འཁོད་ཡོད་པའི་གནས་ཚུལ་ཡོད་པ་རེད།

རྒྱས་པར་གཟིགས།

ནག་ཚོང་ཁྲོམ་རའི་ནང་གི་ལག་དེབ་ལྗང་གུ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༦

བཙན་བྱོལ་བོད་མི་རྣམས་ཀྱིས་དང་བླངས་ཐོག་ནས་བསྡུ་འབུལ་ཞུས་དང་ཞུ་བཞིན་པའི་དང་བླངས་དཔྱ་ཁྲལ་ལ་མཚོན་ན་བཙན་བྱོལ་བོད་གཞུང་གི་རྒྱུན་གྲོན་གྱི་ཡོང་དམིགས་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རོབ་རྩིས་བྱས་ན་དང་བླངས་དཔྱ་ཁྲལ་འབུལ་མཁན་ཆིག་འབུམ་སུམ་ཁྲི་ལྷག་ཡོད། ལག་དེབ་ལྗང་གུ་འདི་ཉིད་མེད་ན་བསྒྲུབ་མི་ཐུབ་པ་དང༌། ཡོད་ན་བདེ་བླག་ཏུ་འགྲུབ་ཐུབ་པའི་བྱ་བ་ཆེ་ཕྲ་མང་པོ་ཞིག་ཀྱང་ཡོད་པ་དང༌། དཔེར་ན་ཨ་རི་ལྟ་བུར་སྐྱབས་བཅོལ་ཞུ་བའི་སྐབས་བོད་པ་ཡིན་པའི་དཔང་རྟགས་སུ་དང་བླངས་དཔྱ་ཁྲལ་ལག་དེབ་ངེས་པར་དུ་དགོས་པ་སོགས་རྒྱུ་མཚན་མི་འདྲ་བ་མང་པོ་ཞིག་ལ་བརྟེན་ནས་ད་ལྟའི་ཆར་དང་བླངས་དཔྱ་ཁྲལ་ལག་དེབ་བམ། དེབ་ལྗང་གུ་རུ་འཁོད་པའི་རང་ཉིད་ཀྱི་མིང་དང༌། སྐྱེས་ཚེས། ཕ་མའི་མིང་དང་སྐྱེས་ལོ་སྐྱེས་ཚེས་སོགས་འགྱུར་བ་ཡང་ཡང་བཏང་བའི་གནས་ཚུལ་ཞིག་ཡོང་བཞིན་ཡོད་ལ། སྔོན་མ་དམ་དྲག་དེ་ཙམ་མེད་པའི་སྐབས་དྷ་རམ་ས་ལར་གནས་སྡོད་བྱེད་མཁན་བུད་མེད་ཅིག་གིས་སྐྱབས་བཅོལ་ལག་དེབ་ནང་གི་རང་ཉིད་ཀྱི་མིང་དང་ལོ་རྒྱུས་ལ་འགྱུར་བ་སྔ་ཕྱི་ཐེངས་ལྔ་བཏང་བའི་གནས་ཚུལ་ཡང་བྱུང་མྱོང༌།

རྒྱས་པར་གཟིགས།

འཚར་ལོངས་འབྱུང་བཞིན་པའི་བོད་ཀྱི་བུད་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༥ 

སློབ་སྦྱོང་ཆུང་ཆུང་ཉེན་ཁ་ཆེན་པོ་ཅན་ཞིག་མ་ཆགས་པ་བྱེད་དགོས།

སྤྱིར་ ད་ལྟ་རྒྱལ་སྤྱིའི་ས་གནས་གང་སར་བུད་མེད་ཀྱི་ཐོབ་ཐང་དང། ཕོ་མོ་འདྲ་མཉམ་བྱེད་དགོས་པའི་ཚ་རླབས་འཕྱུར་བཞིན་ཡོད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཕོ་མོའི་ཐོབ་ཐང་རྩོད་ལེན་གྱི་རྙོག་གྲ་ མེད་ནའང། བུད་མེད་ཀྱི་ནུས་ཤུགས་སྤེལ་ཏེ་སྤྱི་ཚོགས་ཀྱི་ལས་དོན་ཚང་མར་ཕོ་མོ་མཉམ་ཞུགས་ ཡོང་ཐབས་ལ་གཞུང་མང་གཉིས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད་པ་དང། བོད་ཀྱི་བུད་མེད་ལྷན་ཚོགས་ནི་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ ཤོས་ཀྱི་གྲས་ཡིན་པ་མ་ཟད། བུད་མེད་ཀྱི་གནས་བབས་ཐོག་ལ་གལ་ཆེན་གྱི་ཚོགས་པ་ཞིག་ཀྱང་ཆགས་ཡོད།

རྒྱས་པར་གཟིགས།

འཆོལ་ཉོག་ཏུ་གྱུར་པའི་ཡང་སྲིད་ལམ་ལུགས།

    བོད་དེ་ཆོས་ལྡན་གྱི་མི་རིགས་ཤིག་ཡིན་པ་དང་དུས་ཡུན་གང་ཙམ་ནས་རིམ་བཞིན་ཡང་སྲིད་ངོས་འཛིན་བྱེད་པའི་ལུགས་སྲོལ་ཞིག་བོད་ཀྱི་ཆོས་བརྒྱུད་ཁག་ཚང་མར་དར་བ་དང༌། དེ་ལ་གནའ་དེང་གཉིས་སུ་ལྟ་སྟངས་མི་འདྲ་བ་མང་པོ་ཞིག་ཡོད་ནའང༌། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་བོད་མི་རིགས་ཀྱི་བསམ་བློ་གཅིག་གྱུར་དང་རིག་གཞུང་རྒྱུན་འཛིན་སོགས་ལ་ཕན་ནུས་རྒྱ་ཆེན་པོ་ཐོན་ཡོད། འདས་པའི་ལོ་རྒྱུས་ནང་ཡང་སྲིད་ངོས་འཛིན་བྱེད་སྟངས་དེ་དེང་དུས་ལྟར་མིན་པར་ཆོས་ཕྱོགས་ནས་བརྟག་ཐབས་འདྲ་མིན་ལ་བརྟེན་ནས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱེད་པ་སོགས་ལམ་སྲོལ་ཡག་པོ་ཡོད་ཀྱང༌། ད་ལྟའི་ཆར་རྒྱ་དམར་ཆོས་མེད་གཞུང་གིས་ཆབ་སྲིད་ཀྱི་དགོས་དབང་དང་བསྟུན་ནས་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བཙན་དབང་གིས་ལག་པ་འཆང་བཞིན་པ་མ་ཟད། བཀའ་ཨང་ལྔ་པ་ཟེར་བའི་ཁྲིམས་ཡིག་ཅིག་གཏན་འབེབས་དང་འབྲེལ་ནས་ཆོས་མཐུན་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ། ཆོས་མེད་རྒྱ་དམར་གཞུང་གིས་སྲིད་དོན་གྱི་ལག་ཆ་རུ་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།

རྒྱས་པར་གཟིགས།

རྨོངས་དད་དང་འདྲེས་པའི་ཆབ་སྲིད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༣
བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་མི་མང་པོ་ཞིག་གིས་རྒྱུ་མཚན་དང་གནས་ལུགས་གང་ཡང་བགྲང་རྒྱུ་མེད་པར་རྨོངས་དད་ཙམ་ལ་བརྟེན་ནས་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་མཁན་ཡིན་ཚུལ་བརྗོད་མཁན་མང་པོ་ཡོད་པ་དང༌། རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་ཞིག་ནག་པོ་བཟོ་ཐབས་སུ་དམིགས་ནས་གང་ཟག་ཆེ་གེ་མོ་དག་གིས་ྋགོང་ས་མཆོག་ལ་སྐུར་འདེབས་དང་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་སྟབས། ང་ཚོ་ྋགོང་ས་མཆོག་དང་དབུ་མའི་ལམ་སྲུང་སྐྱོབ་བྱེད་མཁན་ཡིན་མདོག་སྟོན་མཁན་ཡང་ཡོང་གི་ཡོད། ཡང་ཁག་ཅིག་གིས་བོད་གཞུང་གི་མཛད་གཙོ་རེ་ཟུང་ཞིག་སྣང་བར་མི་འགྲོ་བ་རྒྱུ་མཚན་དུ་བྱས་ནས་རང་ཉིད་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་ཡན་གར་བ་གང་ཡང་མེད་ཀྱང༌། རང་བཙན་ཡིན་མདོག་གིས་གཞུང་གི་མཛད་གཙོ་རྣམས་ལ་ཁ་གཏོང་བ་སོགས་ཆབ་སྲིད་ཀྱི་ཟློས་གར་འདྲ་མིན་ཞིག་འཁྲབ་བཞིན་ཡོད་པ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་མིག་སྔའི་ཆབ་སྲིད་ལངས་ཕྱོགས་ཐད་ཀྱི་གནས་ཚུལ་ཐབས་སྡུག་ཤོས་དག་རེད། འདི་དག་ལ་བརྟེན་ནས་དོན་དངོས་ཐོག་ཡིད་ཆེས་དང་ངེས་པ་རྙེད་ནས་ལམ་དབུ་མར་ཤར་བསྐྱོད་བྱེད་མཁན་དང༌། བོད་རང་བཙན་མ་གཏོགས་བོད་ལ་མཐར་ཐུག་གི་ཁེ་ཕན་འཐོབ་མི་སྲིད་པར་ངེས་ཤེས་དང་ལངས་ཕྱོགས་བརྟན་པོའི་ཐོག་ནས་རང་བཙན་རྩོད་ལེན་ཆེད་ཧུར་བརྩོན་བྱེད་མཁན་དག་ལ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་ཡོད།

རྒྱས་པར་གཟིགས།

དུས་རྒྱུན་བརྗེད་མི་རུང་བའི་བཀའ་དྲིན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༢
ཕྱི་ཟླ་༣ ཚེས་༣༡ ཉིན་བཙན་བྱོལ་བོད་མིའི་ས་གནས་གང་སར་ྋགོང་ས་མཆོག་དང་བོད་རིགས་གང་མང་ཞིག་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་དུས་ཆེན་ཞིག་སྲུང་བརྩི་ཞུས་ཡོད་པ་རེད། གནད་དོན་འདིའི་ཐོག་ནས་ཕྱི་འདང་ཞིག་བརྒྱབ་ན་ཧིན་བོད་མི་མང་གི་མཛའ་འབྲེལ་དེར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་ནས་བཟུང་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་དང༌། བོད་མི་རིགས་ཀྱི་བསམ་བློའི་ནང་དུ་རྒྱ་གར་འཕགས་པའི་ཡུལ་ཞེས་རྒྱ་གར་གྱི་ས་ཆ་དང་རྒྱ་གར་མི་རིགས་དེ་ཉིད་གཞན་ལས་ཁྱད་དུ་འཕགས་པའི་བག་ཆགས་སམ་ལྟ་ཚུལ་ཞིག་རང་བཞིན་གྱིས་ཡོད་པ་བཞིན། རྒྱ་དམར་པེ་ཅིང་གཞུང་གིས་བོད་བཙན་བཟུང་བྱས་པར་བརྟེན་ྋགོང་ས་མཆོག་གིས་དབུས་བོད་རིགས་གང་མང་ཞིག་བཙན་བྱོལ་དུ་གྱར་ནས་ངོ་ཤེས་པ་ས་དང་གནམ་ལས་མེད་པའི་སྐབས། རྒྱ་གར་གཞུང་གིས་སྣེ་ལེན་ཡག་པོ་གནང་བ་ཙམ་དུ་མ་ཟད། བོད་པའི་གཞིས་ཆགས་ཁག་གསར་འཛུགས་དང༌། བོད་པའི་བུ་ཕྲུག་རྣམས་ཀྱི་ཆེད་ཟུར་དུ་སློབ་གྲྭ་གང་མང་ཞིག་གསར་འཛུགས་གནང་ནས་ད་ལྟའི་ཆར་ཡང་སློབ་གྲྭ་དེ་དག་འཛིན་སྐྱོང་དང་འགྲོ་གྲོན་ཡོངས་རྫོགས་རྒྱ་གར་གཞུང་གིས་གནང་བཞིན་ཡོད་པ་རེད།

རྒྱས་པར་གཟིགས།

བོད་གཞུང་གི་སྔོན་རྩིས་གནས་སྟངས།

    ཟླ་འདིའི་ཕྱི་ཚེས་༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་གཞུང་གི་ལོ་འཁོར་གཅིག་རིང་གི་སྔོན་རྩིས་བསྡོམས་ཧིན་སྒོར་ས་ཡ་དགུ་བརྒྱ་སོ་བཞི་ལྷག་གི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད། བཙན་བྱོལ་བོད་མིའི་གནས་སྟངས་ལ་གཞིགས་ནས་བཤད་ན་ལོ་ལྟར་སྔོན་རྩིས་ཀྱི་གནས་སྟངས་ཡག་ཏུ་འགྲོ་བཞིན་པ་མ་ཟད། ལྷག་པར་དུ་བཀའ་ཤག་སྐབས་བཅུ་གཉིས་པ་ནས་བཟུང་འགྲོ་གྲོན་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྟངས་འཛིན་གཏན་འབེབས་གནང་རྒྱུ་སོགས་ཕྱི་གསལ་ནང་གསལ་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་རེད། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་སྔོན་རྩིས་ལ་བལྟས་པ་ཙམ་གྱིས་རྒྱལ་ཁབ་དེའི་སྲིད་བྱུས་ལངས་ཕྱོགས་ཤེས་ཐུབ་པ་དང༌། དེ་ལ་བརྟེན་ནས་རྒྱ་ནག་གཞུང་ལ་མཚོན་ན་དམག་དོན་གྱི་འགྲོ་སོང་ལོ་མང་པོའི་རིང་གསང་བ་བྱས་ཡོད་པ་དང༌། ལོ་འདི་ལ་མཚོན་ན་རྒྱ་གཞུང་གིས་དམག་དོན་སྐོར་གྱི་འགྲོ་གྲོན་ཕྱི་གསལ་ནང་གསལ་ཡིན་ཚུལ་བརྗོད་ཡོད་ཀྱང་དོན་དངོས་ཡིན་མིན་ད་དུང་བཤད་ཚོད་ཐིག་དཀའ་བ་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱས་པར་གཟིགས།

སླར་ཡང་མུ་མཐུད་རྒྱུ་ཡིན་ནམ།

ཉེ་བའི་ཆར་རྒྱ་ནག་གི་སྲིད་བློན་ཝིན་གྱིས་ཏཱ་ལའི་བླ་མའི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་མུ་མཐུད་བྱ་འདོད་ཡོད་ཚུལ་བརྗོད་སོང་ཞེས་བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་དགའ་བསུ་ཡོད་ཚུལ་གསུངས་འདུག གནད་དོན་འདིའི་ཐོག་ནས་བསམ་བློ་བཏང་ན་སླར་ཡང་བོད་ཀྱི་གནད་དོན་དེ་རྒྱ་ནག་གཞུང་གིས་ཐག་གཅོད་ཅིག་བྱེད་འདོད་པ་རེད་དམ། ཡང་ན་སྔར་རྒྱུན་བཞིན་རྒྱལ་སྤྱིའི་ཐོག་བོད་རྒྱའི་དབར་འབྲེལ་བ་མུ་མཐུད་ཡོད་མདོག་སྟོན་ཆེད་དུ་ཡིན་བཤད་དཀའ་བ་ཞིག་རེད། བོད་ནང་གི་ད་ལྟའི་གནས་སྟངས་ལ་བསམ་བློ་བཏང་ན་ཝིན་གྱི་སྐད་ཆ་དེ་ལ་བདེན་པའི་ཆ་གཏན་ནས་མེད་པ་ལྟ་བུ་དང༌། དེ་ནི་བོད་ནང་གི་བོད་མི་རྣམས་ཀྱི་སེམས་པ་ལྷོད་ལ་འབབ་ཆེད་དང༌། རྒྱལ་སྤྱིའི་ཐོག་ལ་བོད་རྒྱའི་འབྲེལ་བ་མུ་མཐུད་དུ་ཡོད་ཚུལ་སྟོན་ཆེད། བཙན་བྱོལ་ཁྲོད་ཀྱི་བོད་མི་ཚོ་གནད་དོན་འདི་ལ་སླར་ཡང་རེ་བ་ཞིག་གིས་མགོ་འཐོམས་ནས་ལས་འགུལ་རྣམས་ཤུགས་ཆུང་དུ་གཏོང་ཐབས་བཅས་ཀྱི་ཆེད་དུ་དམིགས་ཡོད་པ་དངོས་ཡོད་གནས་ཚུལ་རེད། བོད་ནང་ལ་མཚོན་ན་ད་ལོའི་ལོ་སར་གྱི་སྤྲོ་སྐྱིད་མ་བཏང་བ་དང༌།

རྒྱས་པར་གཟིགས།

མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དེ་རིང༌།

    བོད་ཀྱི་རྒྱལ་ས་ལྷ་སར་བོད་རིགས་རྣམས་ཀྱིས་རྒྱ་ནག་གཞུང་གི་ཞི་བའི་སྒེར་ལངས་བྱས་ནས་མི་ལོ་ཧྲིལ་པོ་༥༠ འཁོར་བའི་དུས་དྲན་གྱི་ཉིན་མོར་མི་ལོ་ལྔ་བཅུའི་རིང་གི་བོད་རྒྱའི་འཐབ་རྩོད་ཀྱི་གནས་བབས་ལ་ཕྱི་མིག་ཅིག་བལྟས་ན། རྒྱ་དམར་གཞུང་གིས་བོད་ཡུལ་ཡོངས་སུ་རྫོགས་པ་བཙན་འོག་དང་དམ་དྲག་གི་འོག་ཏུ་བཅུག་ཐུབ་ཡོད་ཀྱང༌། ཕྱོགས་གཅིག་ནས་མི་ལོ་༥༠ རིང་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་གོམ་ཁ་གཏན་ནས་ལྷོད་མ་མྱོང་བས་རྒྱ་དམར་གཞུང་ལ་མཚོན་ན་བོད་ཀྱི་གནད་དོན་དེ་ལྕགས་ཀྱི་ཐོ་ལུམ་ཞིག་ཁོག་ཏུ་མིད་པ་དང་མཚུངས་པར་གཏན་ནས་ཞུ་མ་ཐུབ་པར་ཁོག་པའི་ནང་གི་ན་ཚ་ཞིག་ཏུ་གྱུར་ནས་བཤལ་སྐྱུག་གང་རུང་ཞིག་མི་བྱེད་ཐབས་མེད་དུ་གྱུར་ཡོད། ད་ལྟའི་དུས་འདིར་རྒྱ་དམར་གཞུང་གི་ངོས་ནས་བོད་པ་མང་པོ་ཞིག་ལ་བཙན་གནོན་གྱི་འོག་ནས་བོད་ནང་གི་གནས་སྟངས་ཡག་པོ་ཡོད་པ་དང༌། རྒྱ་དམར་གཞུང་བཀའ་དྲིན་ཆེན་པོ་ཡིན་ཚུལ་སོགས་ངག་སྐྱོར་བཏང་ནས་ཚོགས་འདུ་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཤད་བཅུག་བཞིན་ཡོད་མོད།

རྒྱས་པར་གཟིགས།